གྲོང་གསེབ་དར་སྤེལ་ལ་གཡུར་ཟས་གྲུབ་འབྲས་སྨིན།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 09-05


    མི་རིགས་བསྐྱར་དར་ཡོང་དགོས་ན་གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས།   ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར།  ཞིང་ལས་དར་བའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་མགྱོགས་སུ་བཏང་སྟེ།  གྲོང་གསེབ་ཀྱི་ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས།  རྩ་འཛུགས་བཅས་ཀྱི་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པར་བཏོན།   བྱེད་ཐབས་སྔར་ལས་ལེགས་ཤིང་སྟོབས་ཤུགས་སྔར་ལས་ཆེན་པོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ན།  ཐོག་མར་ངེས་པར་དུ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།  ཨ་སྐྱིད་གྲོང་རྡལ་གྱིས་ཆབ་སྲིད་སྙིང་སྟོབས་དང་འགན་འཁྲི་སྔར་ལས་ཆེན་པོས་འགྲན་རྩོད་གདོང་གིས་བསུས་ཏེ།  ཁྱད་ལྡན་ཞིང་ལས་ཐོན་ལས་གསོ་སྐྱོང་ལེགས་པོས་སི་ཁྲོན་གྱི་སྙི་བ་འདེབས་འཛུགས་རྣམ་གྲངས་ནང་འདྲེན་སྒོས།   ཞིང་ལས་ཚན་རིག་ཅན་དང་སྣ་མང་ཅན་དུ་འཕེལ་བར་སྐུལ་འདེད་ཆེན་པོས། གྲོང་གསེབ་དར་སྤེལ་གྱི་ལེ་ཚན་གསར་བ་རྩོམ་པར་འབད།

    ཏང་འཛུགས་སྐྱོང་གི་ཁྲིད་སྟོན་རྒྱུན་འཁྱོངས་ཀྱིས་གྲོང་གསེབ་དར་སྤེལ་གྱི་འཕེལ་ཚད་མགྱོགས་སུ་བཏང་བ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ཏེ་གཟིགས་ཞིབ་གནང་སྐབས་བཏོན་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་གང་ལེགས་སྒོས།  ཐོན་ལས་དར་ཞིང་སྐྱེ་ཁམས་ལེགས་པ།  ཡུལ་སྲོལ་བཟང་བ།  བཅོས་སྐྱོང་ལེགས་པ།  འཚོ་བ་ཕྱུག་པ་བཅས་ཀྱི་སྤྱིའི་བླང་བྱ་ལ་དམ་པོར་འབྲེལ་ཏེ།  གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ཆེན་པོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོས།   སྐྱེ་ཁམས་དང་ཐོན་ལས།  གྲོང་གསེབ་དར་སྤེལ་བཅས་གཙིགས་སུ་བཟུང་སྟེ།  ཐོན་ལས་དར་སྤེལ་ལ་བརྟེན་ནས་སྒྲིག་གཞི་གསར་གཏོད་དང་གོ་སྐབས་གསར་སྐྲུན་ལ་འབད་དེ།   ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་སྒོས།  ཡུལ་བབ་ལྟར་ཁྱད་ལྡན་ཐོན་ལས་དར་སྤེལ་བཏང་ནས།  ཐོན་ལས་དར་སྤེལ་གྱིས་ཞིང་བའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་།  སྡེ་བ་གཅིག་ལ་ཐོན་རྫས་མང་བའི་འཕེལ་རྒྱས་ལྟ་བ་ལྟར།   ས་གནས་ཀྱི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ཏེ།   མང་ཚོགས་རྩ་འཛུགས་ཀྱིས་ཚོགས་སྒྲིག་འཕེལ་རྒྱས་ལམ་ནས་གྲོང་གསེབ་དར་སྤེལ་གྱི་ལམ་བུ་གསར་བར་བསྐྱོད།

    ཚན་རྩལ་དང་འཕྲུལ་ཆས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་བཏང་བ།  ཆེད་མཁས་པ་གདན་དྲངས་ནས་མཐུན་སྒྲིལ་གྲོང་ཚོའི་ས་བབ་དང་གནམ་གཤིས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་བརྒྱུད། སྐྱེ་ལྡན་ས་རྒྱུ་འདང་ངེས་ཡིན་པས་སྙི་བ་འདེབས་རྒྱུར་འཚམས་པ་སྤྱི་སྡོམ་བྱས་པ་དང་། གྲོང་རྡལ་དང་གྲོང་ཚོའི་ཨུ་གཉིས་ཁང་གིས་སྙི་བ་འདེབས་འཛུགས་ཐོན་ལས་དར་སྤེལ་གཏོང་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་། དེ་སྔའི་སྙི་བ་འདེབས་འཛུགས་དང་མི་འདྲ་བར་འཕྲུལ་ཆས་ཅན་གྱིས་འདེབས་འཛུགས་བྱས་ཏེ། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ཀྱིས་འདེབས་ཐེངས་གཅིག་ལ་ལས་རིམ་ཡོངས་ལེགས་འགྲུབ་བྱེད་ཐུབ།  རྐོ་འདྲུའི་འཕྲུལ་འཁོར་སྤྱད་དེ་ཆུ་ཡུར་འདྲུ་བ་དང་ལྕགས་དྲ་བཙུགས་པས། ངལ་རྩོལ་འདེབས་འཛུགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པར་མ་ཟད། མུའུ་རེའི་ཐོན་འབབ་ཀྱང་མཐོར་ཕྱིན།

    ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་ནས་ཞིང་བར་རོགས་རམ་གྱིས་ཡོང་འབབ་འཕར་སྣོན་གྱི་ཕྱུག་འགྱུར་སྒོ་མོ་ཕྱེ། ད་ལོའི་ཟླ8པར་མཐུན་སྒྲིལ་གྲོང་ཚོས་སྙི་བ་རྒྱ་མ1860ལྷག་བསྡུས། དེ་ལ་སྒོར་ཁྲི38ལྷག་གི་ཁེ་བཟང་ཐོབ། རྒྱ་མ་བཅུ་ལྷག་ཙམ་ལ་མྱུ་གུ་འབུས་སུ་བཅུག་ནས་སང་ལོའི་དཔྱིད་མགོའི་འདེབས་འཛུགས་ཐད་སྤྱོད་རྒྱུ་རེད། སྙི་བ་འདེབས་འཛུགས་ལས་མི་བསྡུ་སྐབས་སྔོན་ལ་དབུལ་ཕོངས་ཁྱིམ་ཚང་ལ་གཟིགས་སྐྱོང་གནང་སྟེ།  གྲོང་ཚོར་མི་ཐེངས་བརྒྱ་ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས།  སང་ལོར་སི་ཁྲོན་གྱི་སྙི་བ་འདེབས་ཁྱོན་མུ་མཐུད་དུ་ཆེར་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། ཐོན་ལས་ཚད་ལྡན་ཅན་གྱི་དོ་དམ་དང་ཚན་རིག་ཅན་གྱི་འདེབས་འཛུགས། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་སྒོས། གྲོང་ཚོ་ཧྲིལ་བོའི་དར་སྤེལ་ལ་སྒུལ་ཤུགས་གསར་བ་བསྐྲུན་ནས་གྲོང་མི་ཕྱུག་འགྱུར་ལམ་དུ་སྐྱོད་པར་སྐུལ་ཁྲིད་བྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1