སྡེ་དགེ་རྫོང་གིས་རིག་གནས་གསར་གཏོད་སྤེལ་རེས་ཀྱི་གྲ་སྒྲིག་ཚོགས་འདུ་སྐབས་གཉིས་པ་འཚོགས་པ།

ལྷ་མཚོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-01



ཟླ་བ་༨པའི་ཚེས་༢༤ཉིན།  སྡེ་དགེ་རྫོང་གིས་རིག་གནས་གསར་གཏོད་སྤེལ་རེས་ཀྱི་གྲ་སྒྲིག་ལས་དོན་གྱི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་སྐབས་གཉིས་པ་འཚོགས། ཚོགས་འདུ་དེ་སྲིད་གྲོས་ཀྲུའུ་ཞི་ཐུབ་བསྟན་ནམ་མཁས་གཙོ་སྐྱོང་གནང་། རྫོང་ཨུ་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཀྲང་ཚེ་རིང་སྒྲོལ་དཀར་གྲོས་ཚོགས་སུ་ཞུགས་པ་དང་། རྫོང་ཨུ་གཞུང་ལས་ཁང་དང་སྲིད་གཞུང་གཞུང་ལས་ཁང་། རྫོང་ཨུ་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་ཁག་༢༢ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད། 

 ཚོགས་འདུ་ཐོག་སྐབས་དང་པོའི་རིག་གནས་གསར་གཏོད་ཉོ་ཚོང་འདུ་ཚོགས་སྐབས་ཐོབ་པའི་གྲུབ་འབྲས་དང་དང་ཉམས་མྱོང་མཉམ་དུ་དྲན་སྐུལ་བྱས་པའི་དུས་མཚུངས། སྡེ་དགེ་རྫོང་གི་རིག་གནས་གསར་གཏོད་ཉོ་ཚོང་འདུ་ཚོགས་ཐེངས་གཉིས་པའི་ལག་བསྟར་ཇུས་གཞི་སྒྲོག་སྦྱངས་བྱས་པ་དང་འབྲེལ་ད་ཐེངས་ཀྱི་རིག་གནས་གསར་གཏོད་ཚོགས་འདུའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། 

གྲོས་ཚོགས་ཐོག་སྟོན་དོན། རིག་གནས་གསར་གཏོད་སྤེལ་རེས་ཚོགས་འདུ་འཛུགས་གཉེར་བྱེད་རྒྱུ་འདི་ནི་སྡེ་དགེའི་རྣམ་པ་སྟོན་པའི་བྱ་ཐབས་གལ་ཆེན་ཞིག་རེད། སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་། སྔོན་ཐོན་ལ་དམིགས་པ། ཚད་གཞི་མཐོ་པོས་འདེགས་པ་བཅས་བྱེད་ནས། ད་ཡོད་ཀྱི་རིག་གནས་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་ནས། བྱེད་སྒོའི་གྲ་སྒྲིག་ལས་དོན་སྔ་སྣུར་དུ་ཡག་པོ་སྒྲུབ་དགོས། རིམ་པ་མང་པོ་དང་། ཕྱོགས་མང་པོ། ཟུར་ཚད་མང་པོ་བཅས་ཀྱི་ཐོག་ནས་སྡེ་དགེའི་རིག་གནས་དྲིལ་བསྒྲགས་བྱེད་དེ། འགྲུལ་རྒྱུན་དེ་བས་མང་བས་སྡེ་དགེ་ལ་དོ་ཁུར་བྱེད་དུ་བཅུག་རྒྱུ། 

 གྲོས་ཚོགས་ཀྱི་ནན་གསུངས་གནང་དོན། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོར་བརྟེན་ཏེ་ལས་དོན་ཚང་མར་ཞིབ་འཇུག་ཞིབ་ཚགས་བྱེད་དགོས་པ་དང་། གནད་འགག་ཐུག་ས་ཚང་མར་སྒྲིག་འཛུགས་ཞིབ་ཚགས་བྱེད་དེ། ངོ་མཚར་ཆེ་ཞིང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པ། མི་རྣམས་ཀྱིས་བརྗེད་པར་དཀའ་བའི་རིག་གནས་གསར་གཏོད་ཀྱི་སྤེལ་རེས་ཚོགས་འདུ་ཞིག་འཚོག་རྒྱུར་བརྩོན་ལེན་བྱེད་དགོས། ལས་ཀའི་སྡོམ་ཤུགས་ཆེ་རུ་གཏོང་དགོས། སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱེད་དེ། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་ལས་འགན་ལས་འགོས་གང་མགྱོགས་ཞིབ་ཚགས་དང་འཐུས་ཚང་དུ་བཏང་སྟེ། སྡེ་དགེ་རྫོང་གི་སྐབས་གཉིས་པའི་རིག་གནས་གསར་གཏོད་ཉོ་ཚོང་འདུ་ཚོགས་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ཐུབ་པ་བྱེད་ནས། རྫོང་ཨུ་དང་སྲིད་གཞུང་། རྫོང་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཞིག་སྤྲོད་ཐུབ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1