གཙང་ཞིང་གྲལ་འགྲིག་ཅིང་དཔལ་ཡོན་དང་འཆམ་མཐུན་ལྡན་པའི་གཞིས་སྡོད་ཁོར་ཡུག་མཉམ་དུ་བསྐྲུན་ཏེ། ཡོངས་ཁྱབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚད་ཇེ་ཆེར་གཏོང་ཆེད། བཞག་ལྡོམ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་རྒྱུན་འཁྱོངས་སྒོས། ཡོངས་ཁྱབ་ནས་ཐོབ་ཐང་གསལ་སྟོན་དང་གདོང་ལེན་པ་བརྩོན་ལེན་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། བཞག་ལྡོམ་གྲོང་རྡལ་མཐའ་བ་སྡེ་བའི་གཞིས་སྡོད་ཁོར་ཡུག་གི་དག་ཐེར་ལས་དོན་སླར་ཡང་སྐས་རིམ་གསར་བར་འདེགས་པར་སྔར་ལས་སྐུལ་འདེད་བཏང་།
གཅིག་ནས་ཏང་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་ཀྱིས་སྐུལ་སྟོན་དང་རིམ་བཤེར་ཚགས་སུ་ཆུད་པ། གཙོ་གནད་དང་དཀའ་གནད་ཅན་གྱི་ལས་དོན་གཙིགས་སུ་བཟུང་སྟེ། གཅིག་གྱུར་འཆར་འགོད་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མཐའ་བ་སྡེ་བའི་གཞིས་སྡོད་ཁོར་ཡུག་དག་ཐེར་ལས་ཀར་སྐུལ་འདེད་བཏང་། ཟླ8པའི་ཚེས19ཉིན་གྱི་སྔ་དྲོར། བཞག་ལྡོམ་གྲོང་རྡལ་གྱི་ཏང་སྲིད་ཚན་ཁག་གི་ཁོངས་མིས་ཚན་ཆུང་ལྟར་རུ་སྡེ་དང་ཁྱིམ་ཚང་ལ་འགན་གཙང་ལེན་སྒོས། ལས་བགོས་ཚགས་སུ་ཆུད་དེ་ཡུལ་དངོས་ནས་གཞིས་སྡོད་ཁོར་ཡུག་དག་ཐེར་ལས་ཀར་སྐུལ་སྟོན་བྱས་ཏེ། གྲོང་སྡེ་དང་རུ་སྡེ་ཁྱིམ་ཚང་བཅས་ལ་རེ་རེ་བཞིན་རིམ་བཤེར་བྱས་པར་མ་ཟད། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་ཡུལ་དངོས་ནས་དག་ཐེར་བླང་བྱ་བཏོན་ནས། འཕྲལ་མར་བཅོས་སྐྱོང་བྱེད་དུ་བཅུག
གཉིས་ནས་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཁོར་ཡུག་དག་ཐེར་ལས་སྒོ་ནན་གྱིས་སྤེལ་བ། བཞག་ལྡོམ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པས་སྟོད་གོས་དམར་བོ་གྱོན་ཞིང་ཏང་དར་མཐོར་བསྒྲེངས་ཏེ། གྲོང་སྡེར་བསྐྱོད་ནས་དྲིལ་སྒྲོག་དང་སྐུལ་སློང་གང་ལེགས་སྒོས། ངང་རྒྱུད་རིང་བོས་སྡེ་དམངས་ལ་ཞིང་གྲོང་གི་གཞིས་སྡོད་ཁོར་ཡུག་དག་ཐེར་ལས་ཀའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་འགྲེལ་བཤད་སྒོས། མང་ཚོགས་རང་འགུལ་ངང་འཚོ་བ་བཟང་བོ་སྲུང་སྐྱོང་བྱེད་པར་སློབ་གསོ་བཏང་སྟེ། སྡེ་དམངས་རང་འགུལ་ངང་གཞིས་སྡོད་ཁོར་ཡུག་དག་ཐེར་ལས་ཀར་ཞུགས་པར་ཁྲིད་སྟོན་བྱས་ནས། སྡེ་དམངས་ཀྱི་གཞིས་སྡོད་ཁོར་ཡུག་དག་ཐེར་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་།
གསུམ་ནས་ཏང་དང་མང་ཚོགས་ཀྱི་ཞེ་སེམས་གཅིག་མཐུན་གྱིས་སྡེ་བའི་རྣམ་པ་ཇེ་མཛེས་སུ་བཏང་བ། ཟླ8པའི་ཚེས20ཉིན། བཞག་ལྡོམ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་དང་དང་བླངས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་བཅས་མཉམ་འབྲེལ་སྒོས། བགྲོད་ལམ་གཙང་ཞིང་གྲོང་སྡེ་མཛེས་བཟོ་དམིགས་ཡུལ་དུ་བཟུང་སྟེ། སྡེ་དམངས་ཀྱི་ཁང་བའི་མདུན་རྒྱབ་ཀྱི་ཁོར་ཡུག་གཙང་སྦྲ་དང་ར་སྐོར་གཙང་སྦྲ་བྱས་པ་དང་། མེ་ཤིང་སྤུངས་གསོག་དང་འཚོ་བའི་གད་སྙིགས། རང་དགར་སྤུངས་གསོག་བྱེད་པ་སོགས་གཙང་མར་བཟོ་བའི་བྱེད་སྒོ་སྤེལ་ཏེ། གཅིག་ཤེས་རྟོགས་བྱུང་ན་གཅིག་གཙང་མར་བཟོས་ནས། མང་ཚོགས་ལ་ཕན་འབྲས་ངོ་མ་རིག་ཏུ་བཅུག་པ་དང་། གྲོང་སྡེའི་ནང་ཁུལ་གྱི་དཀའ་གནད་དང་གཙང་སེལ་བྱེད་དཀའ་བའི་གནས་ཚུལ་ལ་དམིགས་ཏེ། རྐོ་འདྲུ་འཁོར་ལོ་སྤྱད་དེ་གཙང་མར་བཟོས་པས་གྲོང་སྡེ་སྔར་ལས་ཇེ་མཛེས་སུ་གྱུར།