མཛོད་དགེ་རྫོང་དམངས་སྲིད་ཅུས་ཀྱིས་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ཚོམས་ཆེན་དུ་ཡ་རབས་ཀྱི་སྲོལ་གསར་དར་སྤེལ་དང་བདུན་པའི་ཚེས་བདུན་ཉིན་ལ་བརྩེ་དུང་གི་མདུད་པ་རྒྱག་ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-25


    ལུགས་རྙིང་གི་བདུན་པའི་ཚེས་བདུན་ཉིན་ནི།  རང་རེའི་རྒྱལ་ཁབ་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་བདུན་པའི་ཚེས་བདུན་ཉིན་ཡིན་ལ།  བརྩེ་དུང་ཀུན་ནས་མཚོན་པའི་སྲོལ་རྒྱུན་དུས་ཆེན་ཡང་ཡིན་པར་མ་ཟད། གཉེན་སྒྲིག་ཐོ་འགོད་ཀྱི་རྫོགས་ལྡན་ཉིན་མོའང་ཡིན།  ཟླ8པའི་ཚེས22ཉིན།  མཛོད་དགེ་རྫོང་དམངས་སྲིད་ཅུས་ཀྱིས་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ཚོམས་ཆེན་དུ་ཡ་རབས་ཀྱི་སྲོལ་གསར་དར་སྤེལ་དང་བདུན་པའི་ཚེས་བདུན་ཉིན་ལ་བརྩེ་དུང་གི་མདུད་པ་རྒྱག་ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ།   གཉེན་སྒྲིག་མཁན་གསར་བ་རྣམས་ལ་སྨོན་འདུན་ཞུ་བ་དང་མཉམ་དུ།   《དམངས་དོན་ཁྲིམས་གཞུང》དང《ཡ་རབས་གཉེན་སྲོལ་གྱི་སྲོལ་གསར་དར་སྤེལ་གྲོས་འདོན་ཡི་གེ》དྲིལ་སྒྲོག་གང་ལེགས་སྒོས།  གཉེན་དོན་གསར་སྒྲུབ་ཀྱི་ཡ་རབས་སྲོལ་གསར་དར་སྤེལ་བཏང་སྟེ།   ཁྲིམས་དང་སྒྲིག་ལམ་ལྟར་སྲིད་སྐྱོང་བར་སྐུལ་འདེད་སྒོས། དུས་རབས་གསར་བའི་གཉེན་སྲོལ་གསར་བ་དར་སྤེལ་གྱི་རྣམ་པ་གང་ལེགས་བསྐྲུན།

    བྱེད་སྒོའི་ཡུལ་དངོས་སུ་ལས་སྒྲུབ་མི་སྣས་གོ་རིམ་ལྡན་པར་གཉེན་སྒྲིག་མཁན་གསར་བ་རྣམས་ལ་གཉེན་སྒྲིག་ཐོ་འགོད་བྱེད་བཞིན། ངང་རྒྱུད་རིང་བོས་གཉེན་སྒྲིག་མཁན་གསར་བ་རྣམས་ལ་གཉེན་སྒྲིག་ཐོ་འགོད་སྐོར་གྱི་དྲི་བ་རེ་རེར་འགྲེལ་ལན་ཞིབ་ཕྲ་སྟེར་བར་མ་ཟད།  གཉེན་སྒྲིག་མཁན་གསར་བ་རྣམས་ལ་དྲོད་སྐྱིད་མཚོན་པའི་ལེགས་སྐྱེས་ཕུལ།

    ཕྱི་དྲོའི་དུས་ཚོད5དང་སྐར་མ30ཡི་བར་དུ།  མཛོད་དགེ་རྫོང་གཉེན་སྒྲིག་ཐོ་འགོད་ལྟེ་གནས་སུ་བསྡོམས་པའི་བཟའ་ཚང10ལ་གཉེན་སྒྲིག་དཔང་ཡིག་ཐོ་འགོད་བྱས་ཤིང་།   བཟའ་ཚང་གཉིས་ལ་གཉེན་སྒྲིག་དཔང་ཡིག་གསབ་སྤྲོད་གནང་བས། བདུན་པའི་ཚེས་བདུན་ཉིན་གྱི་གཉེན་སྒྲིག་ཐོ་འགོད་རྫོགས་ལྡན་ཉིན་མོའི་ལས་འགན་ལེགས་འགྲུབ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1