རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བའི་བཟའ་ཆས་བདེ་འཇགས་སྲུང་སྐྱོང་སྒོས། བཟའ་ཆས་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་བར་བག་ཟོན་བྱེད་ཆེད། ཉེ་ཆར་ཐེ་བོ་གྲོང་རྡལ་གྱིས་མངག་གཏོང་ཁང་དང་འཕྲོད་བསྟེན་ཁང་གཉིས་དང་མཉམ་འབྲེལ་བྱས་ཏེ། མངའ་ཁོངས་ཀྱི་ཟ་ཁང10དང་བོད་ཁྱིམ་སྤྲོ་གསེང་གླིང6དང་། ཚོང་ཁང་ཆུང་ཆུང37བཅས་ཀྱི་བཟའ་ཆས་བདེ་འཇགས་ལ་ཆེད་དམིགས་ཞིབ་བཤེར་སྒོས། བཟའ་ཆས་བདེ་འཇགས་ཀྱི་བག་ཉལ་རྐྱེན་ངན་ལ་བག་ཟོན་གྱིས་ལེགས་པར་བསལ་ཏེ། ནུས་ཤུགས་ཡོད་རྒུས་བཟའ་ཆས་བདེ་འཇགས་ཀྱི་སྲུང་མཚམས་བརྟན་པོར་བསྲུངས།
ཐེངས་འདིའི་ཞིབ་བཤེར་ཁྲོད་གཙོ་བོ་ཐེ་བོ་གྲོང་རྡལ་གྱི་བཟའ་ཆས་བདག་གཉེར་ཚོང་དུད་ལ་བདག་གཉེར་ལག་ཁྱེར་དང་བཟའ་ཆས་བདག་གཉེར་ལག་ཁྱེར། ལས་གཉེར་བའི་བདེ་ཐང་ལག་ཁྱེར་སོགས་ཆ་ཚང་ཡོད་མེད་དང་། བཟའ་ཆས་དུས་ལས་ཡོལ་ཡོད་མེད་དང་རིན་གོང་ལུགས་མཐུན་ཡིན་མིན། ཚལ་ཐོར་བཟའ་མི་ཆོག་པའི་ཐོན་རྫས་ཡོད་མེད་སོགས་ལ་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད་ཚོད་དུད3གྱི་ཁོར་ཡུག་གཙང་སྦྲ་ཞན་པ་དང་། བཟའ་ཆས་ཉར་ཚགས་དང་ལག་ཁྱེར་དཔང་ཡིག་འགེལ་ཚུལ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་སྟེ། ཡུལ་དངོས་ནས་དག་ཐེར་བསམ་འཆར་བཏོན་པར་མ་ཟད། ཡུལ་དངོས་ནས་བཟའ་ཆས་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་སྒོས། བག་ཉལ་རྐྱེན་ངན་ཐོག་མའི་དུས་སྐབས་ནས་མེད་པར་བཟོས་ཏེ། བདེ་འཇགས་ལྡན་པའི་བཟའ་བཏུང་ཁོར་ཡུག་བསྐྲུན།
རྗེས་སོར་ཐེ་བོ་གྲོང་རྡལ་གྱིས་མུ་མཐུད་དུ་བཟའ་ཆས་བདེ་འཇགས་ཀྱི་བག་ཉལ་རྐྱེན་ངན་རིམ་བཤེར་ནུས་ཤུགས་ཆེར་བཏང་སྟེ། ཡུལ་སྐོར་རྫོགས་ལྡན་དུས་སྐབས་རིང་མཛོད་དགེར་ཡོང་བའི་ཡུལ་སྐོར་བ་དང་། མངའ་ཁོངས་ཀྱི་སྡོད་དམངས་ཀྱི་བཟའ་ཆས་བདེ་འཇགས་ལ་འགན་ལེན་ཆེན་པོ་འདོན་སྤྲོད་བྱེད་རྒྱུ་རེད།