སྤྱི་ཟླ་5པའི་ཚེས་17ཉིན། འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོ་ཐེངས་39པ་འཆར་གྲབས་ཡོད་པའི་སྐབས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་གཉེར་གནང་བའི་<<རྒྱུན་འཛིན་ལྟ་སྲུང་ཞེས་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་བའི་ལེགས་སྐྱེས་སུ་ཕུལ་བ་དང་། འཚོལ་སྡུད། རྩིས་ལེན་བཅས་བྱས་པའི་རིག་དངོས་དམིགས་བསལ་འགྲེམས་སྟོན།>>ལྷ་ས་གྲོང་ཁྱེར་དུ་བྱ་འགོ་བརྩམས། ཐེངས་འདིའི་འགྲེམས་སྟོན་ནང་བཀྲམ་པའི་རིག་དངོས་120ལྷག་ཙམ་གྱི་ཁྲོད་དུ་མང་ཆེ་བ་ནི་མཛོད་ཁང་ནས་ཐེངས་དང་པོར་བཏོན་ཏེ་འགྲེམས་སྟོན་བྱས་པ་རེད། །