ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་2023ལོའི་སྤྱི་དམངས་ལ་སྒོ་མོ་དབྱེ་བའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་འཚོགས་པ་དང་། ད་ཐེངས་ཀྱི་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོར“དཔྱིད་ཀ”བརྗོད་དོན་གཙོ་བོར་བྱས་པ་དང་། སྤྱི་དམངས་ཡོངས་གདན་ཞུས་ཀྱིས་ཐག་ཉེ་ས་ནས་སྒྱུ་རྩལ་རྩེ་གྲའི་དམིགས་བསལ་གྱི་ཉམས་འགྱུར་ཚོར་བ་དང་གར་སྟེགས་དང་རྒྱབ་ཕྱོགས་མི་སྣའི་མི་སེམས་འགུལ་བའི་གཏམ་རྒྱུད་ཉན་པར་བརྟེན་ནས་རིག་གནས་ཀྱིས་མི་སེམས་འགུགས་པ་དང་སྒྱུ་རྩལ་མི་སེམས་སུ་ཟུག་པར་བྱས་ཡོད།
འདི་ནི་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོར་འཁྲབ་སྟོན་པས་་ལྟད་མོ་བར་གུས་འདུད་ཞུ་བའི་གནས་ཚུལ་ཡིན་པ།