དཔྱིད་གསར་དུས་ཆེན་ནི་ནང་མི་མཉམ་འཛོམས་ཀྱི་དུས་ཆེན་ཞིག་ཡིན་མོད། འོན་ཀྱང་མི་ཁག་གཅིག་གིས་ཁྱིམ་ཆུང་བློས་བཏང་ནས་ཁྱིམ་ཆེན་སྐྱོང་བཞིན་ལོ་གསར་གྱི་སྐབས་སུའང་རང་ཉིད་ཀྱི་ལས་གནས་བརྟན་པོ་སྲུང་ནས། མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་དང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་དགའ་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།
འདི་ནི་ཟླ་དང་པོའི་ཚེས22ཉིན་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་ཁོར་ཡུག་གཙང་སྦྲའི་བཟོ་པས་ཐང་ཆེན་དུ་གཙང་སྦྲ་བྱེད་བཞིན་པ།
འདི་ནི་དཔྱིད་གསར་དུས་ཆེན་རིང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་སྒོ་རྩིས་ཚོང་ཁང་སོགས་སུ་དུས་ཆེན་རིང་གི་ཁྲོམ་རའི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།