གནམ་དཔྱད་རིག་པའི་སྡེ་ན་འདབ་པ་རྫོང་ལ་འཛམ་གླིང་གི་གནམ་དཔྱད་དཔྱད་ཆས་འདུས་འཛོམས་ཀྱི་གནས་ཞེས་བརྗོད་ལ། མི་འགྱངས་པར་ཁང་རྩེག་རིམ་པ་བདུན་གྱི་མཐོ་ཚད་ཅན་ཏེ་སྨི་2.5ཅན་གྱི་དབྱེ་འབྱེད་ཀྱི་ཚད་མཐོ་བའི་ཉི་མའི་རྒྱང་ཤེལ་གྱི་སྟེགས་བུ་(བསྡུས་མིང་ལ་WeHoSTཞེས་བྱ)འདབ་པར་བསྐྲུན་རྒྱུ་ཡིན་པ་དང་། ལོ་བཅུ་ལྷག་ལ་ས་གནས་གདམ་གསེས་བྱས་རྗེས་མ་དངུལ་སྒོར་དུང་ཕྱུར་1.8བཏང་ཞིང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་རྒྱབ་སྐྱོར་དང་། ནན་ཅིན་སློབ་ཆེན་གྱིས་འགན་གཙོ་བོ་ཁུར་ཏེ། འཛམ་གླིང་ན་ཆེས་ཆེ་བའི་འཁོར་མདའ་ཆ་འགྲིག་ཅན་གྱི་ཉི་མའི་རྒྱང་ཤེལ་མཚོ་འཕགས་ལ་སྨི་4700ཡོད་པའི་འདབ་པར་འཛུགས་རྒྱུ་རེད།