ཟླ་10པའི་ཚེས་30ཉིན། ཁ་བ་བབས་པའི་རྐྱེན་གྱིས་རྨ་ཆུའི་འབྱུང་ཁུངས་རྨ་སྟོད་ས་ཁུལ་གྱི་ཡུལ་ལྗོངས་དངུལ་མདངས་རྣམ་པར་བཀྲ་ནས་ལྷ་ཡུལ་དང་མཚུངས། ཁ་བས་འབྲོག་རྩྭ་བཀབ་པའི་རྐྱེན་གྱིས་མཚོ་བོད་ས་མཐོའི་རྐྱང་གི་ཁྱུ་ཚོགས་ཀྱིས་ཐག་རིང་ནས་གནས་སྤོ་བྱེད་པའི་ཐབས་ལ་བརྟེན་ནས་ཉི་གཏད་ཀྱི་རི་ལྡེབས་སུ་ལྟོ་འཚོལ་གྱི་ཡོད། དྭངས་གཙང་གི་གངས་རི་དང་། རྒྱུག་བཞིན་པའི་རྐྱང་ཁྱུ་ཚོགས། ལྟོ་འཚོལ་བཞིན་པའི་ས་མཐོའི་འབྲི་གཡག་ནག་པོ་བཅས་ལས་དངུལ་སྡེར་ནང་གི“མུ་ཏིག་ནག་པོ”དང་འདྲ་བའི་མཛེས་ལྗོངས་ཤིག་གྲུབ།