ས་འགུལ་གྱི་རྗེས་སུ་ཞིང་པ་ཚོ་སྟོན་བསྡུའི་ལས་ལ་བྲེལ།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༩ ཚེས་ ༢༠
ལྕགས་ཟམ་ཁའི་ས་འགུལ་གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་ཚོས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་བྱས་པ་དང་ཁྱིམ་མཚེས་ཕན་ཚུན་རོགས་རམ་གྱིས་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད། པར་འདི་ནི་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་ཧོ་པ་གྲོང་ཚོའི་གྲོང་མིས་ཆུ་འབྲས་བསྡུས་རྗེས་སྒོག་ཆེན་འདེབས་བཞིན་པའི་ཚུལ་རེད།

གྲོང་མིས་སྒོག་ཆེན་འདེབས་བཞིན་པའི་ཚུལ།

ལོ་ལེགས་བྱུང་བའི་དགའ་སྤྲོ།

ལས་ལ་བྲེལ་བའི་ཞིང་པ།

ལས་ལ་བྲེལ་བའི་ཞིང་པ།

མ་རྨོས་ལོ་ཏོག་གི་ལོ་ཡག།

ལོ་ཡག་གི་འཛུམ་མདངས།

འབྲུ་བཟང་གི་ལོ་ཡག།

ཀུ་ཤུ་དམར་པོའི་ལོ་ཡག།