དམངས་ཡོངས་ཀྱིས་རིམས་ནད་འགག་སྒྲོལ་བྱེད་སྐབས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དང་བླངས་པ་དག“འཐབ་འཛིང་པ”དང་སྒོ་སྲུང་བ། དྲིལ་བསྒྲགས་པ་བཅས་སུ་གྱུར་ཏེ། གཞི་རིམ་གྱི་འཐབ་ས་དང་པོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཇེ་ཡང་དུ་བཏང་བ་རེད། དང་བླངས་པ་ཚོས་རིམས་ནད་ཀྱི་འགུལ་རྣམ་དང་རིམས་འགོག་ཤེས་བྱ། སྲིད་ཇུས་ཚད་གཞི་སོགས་མང་ཚོགས་ལ་དུས་ཐོག་ཏུ་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ཀྱིས་ཚན་རིག་དང་མཐུན་པར་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་པར་ཁྲིད་སྟོན་བྱས། །