རྔ་བ་ཁུལ་འཛམ་ཐང་རྫོང་འཛམ་ཐང་བར་མ་གྲོང་རྡལ་དུ་ས་མུའུ་120ལྷག་ལ་ལུག་མཉེ་མེ་ཏོག་བཏབ་ནས་ཁ་དོག་མི་འདྲ་བའི་ལུག་མཉེ་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པས། ཕྱོགས་སོ་སོའི་ཡུལ་སྐོར་བ་མང་པོ་མེ་ཏོག་གི་ཚལ་ལ་བུང་བ་ཇི་བཞིན་རི་མོ་བའི་སྨྱུག་རྩེ་ནས་ཐོན་པ་ལྟ་བུའི་མཛེས་སྡུག་ཡིད་དུ་འོང་བའི་གནས་འདིར་ཐོན་ནས་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཉམས་སུ་མྱོང་བཞིན་འདུག
མིག་སྔར་འཛམ་ཐང་བར་མ་གྲོང་རྡལ་གྱི་ལུག་མཉེ་མེ་ཏོག་འདེབས་འཛུགས་རྟེན་གཞི་རུ་གཙོ་བོ་མདོག་དམར་པོ་དང་ཟིང་སྐྱ། དཀར་པོ། སེར་པོ། ལི་ཝང་བཅས་མདོག་གཙོ་བོ་ལྔ་ཡོད་པ་དང་། ལོ་རེའི་ལུག་མཉེ་མེ་ཏོག་རྐང་ཁྲི་གཉིས་ལྷག་སྐྱེས་པ་དང་། འདེབས་འཛུགས་རེས་འཁོར་རེའི་འབྲས་བུ་སྨིན་ཚད་རྒྱ་མ་ཁྲི་12ཡིན་ཞིང་། སྔོན་དཔག་བྱས་པ་ལྟར་ན། ལུག་མཉེ་མེ་ཏོག་གི་ཐོན་རྫས་རིན་ཐང་སྒོར་ཁྲི་100ལ་སླེབས་རྒྱུ་རེད།