སྡེ་དགེ་རྫོང་གི་གཞུང་ལས་མི་སྣའི་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། རྫོང་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མིར་གནས་པའི་གནད་དོན་མངོན་གསལ་དོད་རིགས་ཞིབ་བཤེར་གསལ་སྟོན་དང་ཐག་གཅོད་ནན་ཏན་བྱས། ཉེ་ཆར། སྡེ་དགེ་རྫོང་སྲིད་གྲོས་ཏང་ཙུའུ་ཡིས་གཞུང་ལས་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་རིམ་པ་སྤོར་བའི་ཆེད་དོན་དབྱེ་ཞིབ་ཚོགས་འདུ་འཚོགས་པ། རྫོང་སྲིད་གྲོས་ཏངཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་བཀྲ་ཤིས་མཚོས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཏང་ཙུའུ་ཡི་ཁོངས་མི་རྣམས་ཚོགས་འདུར་ཞུགས། འགོ་འཛིན་གཞོན་པ་དང་དེའི་ཡན་ཆད་ཀྱི་ལས་བྱེད་པ་ཚོགས་འདུར་ཟུར་ཞུགས་གནང་། ཁུལ་རིམ་པ་གཉིས་པའི་སྐོར་གཟིགས་པ་བློ་མཐུན་ལིའུ་ཡུང་དང་ཁུལ་ཨུད་རྩ་འཛུགས་པུའུ་ཡི་བློ་མཐུན་འགྱུར་མེད་རྡོ་རྗེ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ་དཔྱད་བརྗོད་ཀྱང་གནང་།
ཚོགས་འདུ་ཐོག་བཀྲ་ཤིས་མཚོས་ད་ཐེངས་ཀྱི་ཆེད་དོན་དབྱེ་ཞིབ་ཚོགས་འདུའི་དུས་འགོའི་ཚོགས་འདུའི་གྲ་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་གཏམ་བཤད་གནང་ཞིང་། དེའི་རྗེས་བཀྲ་ཤིས་མཚོ་དང་བསམ་གཏན། བུ་ཚེ་རིང་གསུམ་གྱི་ཏང་ཙུའི་ཁོངས་མིས་ཆབ་སྲིད་ཐད་བློ་དཀར་སེམས་དཀར་དང་། ཆབ་སྲིད་ཐད་ངེས་ཤུགས་ཡོད་པ། ཆབ་སྲིད་ཐད་འགན་འཁུར་བ། ཆབ་སྲིད་ཀྱི་ནུས་པ་དང་། ཆབ་སྲིད་ཐད་རང་གཅུན་ཡོད་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་རང་ཉིད་ལ་དབྱེ་ཞིབ་བྱས་ཤིང་། གྲོས་ཚོགས་སུ་ཞུགས་པའི་མི་སྣ་གཞན་དག་གིས་བློ་མཐུན་གསུམ་པོར་བསམ་འཆར་དང་གྲོས་འགོ་བཏོན། བློ་མཐུན་གསུམ་པོས་ཁེངས་སྐྱུང་གི་སྒོ་ནས་དང་ལེན་བྱས་པ་མ་ཟད། སླད་ཕྱིན་གུང་ཁྲན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པའི་མིང་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། ལས་ཀའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ལས་ཀ་དང་འཚོ་བ། སྤྱོད་ཚུལ་བཅས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་བྱེད་ལས་བཟོ་བར་མིག་དཔེ་སྟོན་རྒྱུ་ཡིན་ཞེས་བཤད།
ཚོགས་འདུའི་ཐོག་ཁུལ་རིམ་པ་གཉིས་པའི་སྐོར་གཟིགས་པ་བློ་མཐུན་ལིའུ་ཡུང་གིས་ཐེངས་འདིའི་ཆེད་དོན་དབྱེ་ཞིབ་ཚོགས་འདུར་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་གིས་ཐེངས་འདིའི་ཆེད་དོན་དབྱེ་ཞིབ་ཚོགས་འདུའི་བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་གྲ་སྒྲིག་ལས་དོན་གང་ལེགས་སྒྲུབ་པ། རང་སྐྱོན་རང་བརྗོད་མི་འགེབས་པར་ཕན་ཚུན་སྐྱོན་བརྗོད་ཟོལ་མེད་བྱེད་པ། དག་ཐེར་བྱེད་ཐབས་དོན་དངོས་དང་མཐུན་ཞེས་བསྟན། རྫོང་སྲིད་གྲོས་ཀྱིས་ཏང་ཙུའུ་ཚན་པའི་ལྟ་བསྡུར་ཞིབ་བཤེར་དཔྱད་ཡིག་དང་མི་སྒེར་གྱི་དབྱེ་ཞིབ་གཏམ་བཤད་བྱས་པ་བརྒྱུད། ཐེངས་འདིའི་ཆེད་དོན་དབྱེ་ཞིབ་ཚོགས་འདུ་ནི་གནད་དོན་གསལ་པོར་གླེང་བ་དང་། བསམ་བློ་སྤེལ་རེས། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་ལ་སླེབས་ཡོད་པ་ཤེས་ཐུབ། རྫོང་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་ཚན་པས་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་དོན་འཁྱོལ་དང་། དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་ལེན་དངོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱ་རྒྱུའི་རེ་བ་བཏོན།
ཚོགས་འདུའི་ཐོག་ལིའུ་ཡུང་གིས་རྫོང་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མིས་ངེས་པར་དུ་དད་སེམས་བརྟན་པོ་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗོད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་རང་རྟོགས་ངང་འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དམ་འཛིན་བྱེད་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལམ་བུའི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱ་དགོས་ལ། ཏང་ཙུའུ་ཁོངས་མི་སོ་སོས་མི་སྒེར་གྱིས་རང་བཤེར་དང་འཚོལ་བསྡུ་བྱས་པའི་བསམ་འཆར་དང་གྲོས་འགོར་གཞིགས་ནས་དག་ཐེར་ཡོ་བསྲང་གི་ཞིབ་ཕྲའི་བྱེད་ཐབས་དང་ལེགས་སྒྲུབ་དུས་བཀག་ཁ་གསལ་བཟོ་བ་དང་འཕྲལ་མར་དག་ཐེར་ཡོ་བསྲང་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་། །