ཉེ་ཆར་པར་ལེན་ལ་དགའ་མཁན་ཞིག་གིས་སི་ཁྲོན་མཛོད་དགེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱལ་ལམ213པའི་མཚོ་ཁྲའི་ལམ་ཁུལ་དུ། ལྟོ་ལ་རེམ་པའི་སྦྲེ་ཕྲུག་གཅིག་བརྙན་དུ་བླངས།
བརྙན་རིས་ཁྲོད་ཀྱི་སྦྲེ་ཕྲུག་དེས་གཞུང་ལམ་བརྒལ་ནས། ཉེ་འཁོར་གྱི་རྩྭ་ཐང་ནས་ལྟོ་འཚོལ་བཞིན་ཡོད། སྦྲེ་ནི་གབ་སྦས་བྱེད་པར་དགའ་བས། དེ་མཐོང་དཀའ་མོ་ཡིན་པར་མ་ཟད་བརྙན་ལ་ལེན་ཐུབ་རྒྱུའང་ཤིན་ཏུ་དཀོན་པོ་ཡིན། སྦྲེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་གཙོ་བོའི་གྲས་སུ་གཏོགས་ལ། སྤྱིར་བཏང་དུ་རི་མཐོའི་སྤང་ལྗོངས་ཀྱི་ཁོར་ཡུག་ཏུ་འགུལ་སྐྱོད་བྱེད། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ཚོད་འཛིན་བྱེད་པ་དང་། ས་མཐོའི་སྐྱེ་ཁམས་མ་ལག་གི་དོ་སྙོམས་རྒྱུན་སྲུང་བྱེད་པར་ཕན་ནུས་གལ་ཆེན་ལྡན། །