སེར་ལམ་གྲོང་སྡེ་གསར་པ།
སྦས་ལུང་ཞེས་མཚན་སྙན་ཡོད་པའི་འཁོབ་ཡུལ་ཡུལ་ཤོག་སེར་ལམ་གྲོང་སྡེ་ནི་དར་རྩེ་མདོ་གྲོང་ཁུལ་དང་སྤྱི་ལེ60ཙམ་རྒྱང་བའི་རི་གསེབ་ཀྱི་གྲོང་སྡེ་ཞིག་ཡིན་ཞིང་། གྲོང་སྡེ་འདི་ནི་ཨ་སྔོན་དབྱིངས་སུ་ཟུག་འདྲའི་སྨུག་པ་འཁྲིགས་པའི་རི་ཕྲེང་གི་ཁྲོད་དུ་སྦས་པའི་རིགས་སུ་མཐུན། གྲོང་སྡེ་ཡོངས་སུ་མེ་ཏོག་སྣ་ཚོགས་བཞད་པས་ཁུ་སིམ་བག་ཕེབས་སུ་གནས་ཡོད་པས་ལྷ་ཡུལ་དང་གཉིས་སུ་མེད་པའོ།།
གྲོང་སྡེས་བསྒྱུར་བཀོད་བྱས་པའི་ཞིང་པའི་ཁང་ཆུང་དེ་ཚོ་ནི་མཛེས་སྡུག་ལྡན་ཞིང་ཁྱེད་ལ་ཚོར་སྣང་སྐྱིད་པོ་ཞིག་སྐྱེས་སུ་བཅུག། ཀུན་གྱིས་ཤེས་པའི་གྲོང་སྡེ་ཆུང་ཆུང་དེ་ད་ལྟ་གྲོང་ཁྱེར་བ་རྣམས་ཀྱིས་ཡིད་སྨོན་བྱེད་པའི་སྦས་ལུང་ལྟ་བུའི་ཞིང་ཁམས་ཤིག་ཏུ་གྱུར་ཡོད་པ་རེད།
བདེ་ལྡན་གྲོང་སྡེ།
མེ་ཏོག་སྣ་ཚོགས་བཞད་པའི་རི་ཁྲོད་རྩྭ་ཐང་།
མཚན་ལྗོངས།
དམངས་སྲོལ་གྱི་རྣམ་པ།
མེ་ཏོག་གོས་སུ་བཀླུབས་པའི་སྡོད་ཁང་།