སྲིད་པའི་སྲིད་པ་རྣམ་གསུམ་དེ། །
རྡོ་ལྕགས་བར་ན་མེ་ཞིག་སྲིད། །
ཤ་ཀོ་བར་ན་འོ་མ་སྲིད། །
གནམ་སའི་བར་ན་སྦྲང་ཆར་སྲིད། །
དེ་སྲིད་པའི་སྲིད་པ་རྣམ་གསུམ་རེད། །
མ་སྲིད་སྲིད་པ་རྣམ་གསུམ་དེ། །
བྱ་སྐྱ་ཀའི་མཁྲིས་པ་ཁ་ལ་སྲིད། །
ཉ་གསེར་མིག་སོག་པ་མགོ་ལ་སྲིད། །
སྦྲུལ་རེ་འབྱམས་རྐང་ལག་ཁོག་ན་སྲིད། །
དེ་མ་སྲིད་སྲིད་པ་རྣམ་གསུམ་རེད། །
ཁབ་རྩེ་འབིགས་རྩེ་གྲི་རྩེ་གསུམ། །
མགར་བའི་རྩེ་མོ་རྣམ་གསུམ་རེད། །
ཤྭ་རུ་དགོ་རུ་གཙོད་རུ་གསུམ། །
མ་མགར་རྩེ་མོ་རྣམ་གསུམ་རེད། །