མི་སྣ་འགྲོ་འོང་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད།
ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྔོན་མངགས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།
དུས་མཚམས་དབྱེ་ནས་ལྟ་སྐོར་སྔོན་མངགས་ཁྱབ་གདལ་གཏོང་བ།
ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མི་སྣ་འགྲོ་འོང་དོ་དམ་འགག་སྒོ་སྔོན་དུ་འཛུགས་པ།
གཞན་སྐུལ་གྱི་ཡུལ་དངོས་ནས་ཁ་འགྲེམས་དོ་དམ་བྱ་རྒྱུ་དེ་རང་འགུལ་གྱི་སྔོན་ཚུད་ནས་སྔོན་མངགས་དོ་དམ་ལ་བསྒྱུར་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
མི་སྣ་འདུ་འཛོམས་བཀག་འགོག་བྱེད་པའི་ཐད།
ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་བར་མཚམས་བཞག་ནས་ནང་དུ་འཛུལ་བ་དང་འཚང་ཁ་མེད་པའི་སྐབས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་པ་དང་།
ལྟ་སྐོར་གྱི་ལམ་ཐིག་ལེགས་སུ་གཏོང་བ།
ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་དང་། དོན་སྒོ་དང་ལྟ་སྐོར་བྱ་ཡུལ་གལ་ཆེན་སོགས་མི་སྣ་འདུ་འཛོམས་ཆེ་སར་དགོས་ངེས་ཀྱི་མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་བྱེད་པ།
ས་གནས་ས་ཐོག་གི་ཡུལ་སྐོར་བ་དུས་ཐོག་ཏུ་ཁ་འགྲེམས་ཡག་པོ་བྱས་ནས་མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
བདེ་འཇགས་འགོག་སྲུང་ཐད།
ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཚ་བ་ལྟ་བ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་།
ཡུལ་སྐོར་སྒྲིག་ཆས་སྒྲིག་བཀོད་དང་མེ་ཟོན་སྒྲིག་བཀོད་ཡོ་བྱད་སྣ་ཚོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་སོགས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།