སྤྱི་ཟླ་5ཚེས་19ཉིན་གྱི་དགོང་མོ། པར་ལེན་ལ་དགའ་པོ་ཡོད་མཁན་ཞིག་གིས་བོད་ལྗོངས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ཕུ་མ་གཡུ་མཚོར་“འདྲེ་གློག་”སྟེ། གློག་དམར་མཉམ་འཁྱུག་གི་གནས་ཚུལ་ངོ་མཚར་ཅན་ཞིག་མཐོང་ཡོད་པ་རེད། དེ་ནི་ཆར་སྤྲིན་གྱི་སྟེང་རིམ་དུ་གློག་རྒྱ་ཆེར་འཁྱུག་པའི་སྣང་ཚུལ་ཞིག་ཡིན་པ་དང་། ཐོག་རྒོད་སྤྲིན་དང་ས་ངོས་དབར་གློག་ཐད་འཁྱུག་བྱས་པ་ལས་བྱུང་བ་ཞིག་རེད། གློག་དེ་རིགས་ས་ངོས་དང་བར་ཐག་སྤྱི་ལེ་50ནས་90ཡི་བར་དུ་ཁྱུ་ཚོགས་སུ་གྲུབ་ཀྱི་ཡོད། སྤྱི་ལོ་1886ལོའི་གོང་ནས་བཟུང་གློག་དེ་རིགས་ཀྱི་འབྲེལ་ཡོད་ཟིན་ཐོ་བྱུང་ཡོད་མོད། སྤྱི་ལོ་1989ལོའི་ཟླ་7ཚེས་6ཉིན་མིང་ཉི་སུའུ་ཏ་གཙུག་ལག་སློབ་ཆེན་གྱི་ཚན་རིག་པས་ཐོག་མར་པར་བླངས་པ་རེད། ད་བར་གློག་དེ་རིགས་ཀྱི་པར་དང་བརྙན་རིས་ཧ་ཅང་མང་པོ་ཐོན་ཡོད། གློག་འདི་རིགས་ལ་ལོ་བརྒྱའི་རྗེས་སུ་གཞི་ནས་དོ་སྣང་བྱུང་དོན་ཅི་ཞིག་ཡིན་ནམ་ཞེ་ན། གློག་དམར་འདི་རིགས་ནི་ཐོག་སྤྲིན་དང་ས་ངོས་བར་ནས་བྱུང་ཞིང་། སྐད་ཅིག་ཙམ་ལས་མེད་པས་པར་ཆས་སྤུས་ལེགས་ཀྱིས་མ་གཏོགས་པར་ལེན་མི་ཐུབ། གློག་དེ་རིགས་ཀྱི་སྟེང་རིམ་དམར་སེར་དུ་མངོན་ཞིང་ཐུར་དཔྱངས་ཀྱི་ཚུལ་དུ་གནས། བར་ཐག་སྤྱི་ལེ་50ནས་90བར་ཁྱུ་ཚོགས་སུ་ཐོན་གྱི་ཡོད། གློག་དེས་མ་ཚད་པར་ལེན་ལ་དགའ་པོ་ཡོད་མཁན་ཚོས་བོད་ལྗོངས་སུ་སྦུད་བཞུར་གློག་འཁྱུག་ཀྱང་པར་བླངས་ཡོད་ལ། སྦུད་བཞུར་གློག་འཁྱུག་ཅེས་པ་ནི་རླུང་འཚུབ་དྲག་པོ་དང་འབྲེལ་བ་ཡོད་པའི་སྣང་ཚུལ་ཞིག་ཡིན།