སྤྱི་ཟླ་5པའི་ཚེས་8ཉིན། 2022ལོའི་དར་མདོའི4པའི་ཚེས8ཉིན་གྱི་དུས་ཆེན་ཏེ་ཕག་མོ་རི་བོ་བསྐོར་བའི་དུས་ཆེན་དར་མདོར་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་ནི་སྔོན་ཆད་དང་མི་འདྲ་བར་དྲ་ཐོག་ནས་ཐད་གཏོང་བྱས་པ་ཡིན་ལ། དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རིམས་ནད་རྗེས་ཀྱི་དུས་བབ་འོག་གསར་གཏོད་དང་གཟུགས་མེད་རིག་གནས་ཤུལ་བཞག་གསར་པ། མིག་སྔའི“དྲ་ཐོག་ཡུལ་སྐོར”བྱེད་ཐབས་དང་ཟུང་འབྲེལ་བྱས་ནས“དྲ་ཐོག་རི་སྐོར”བྱེད་སྒོ་ཐེངས་དང་པོར་སྤེལ་བ་རེད། ཐེངས་འདིའི་རི་སྐོར་དུས་ཆེན་གྱིས“དམངས་སྲོལ་གསུང་རབ་རྒྱུན་འཛིན་བྱས་ཏེ། གྲོང་ཁྱེར་གྱི་རྩ་བ་བསྐྱར་དུ་མངོན་པ”ཞེས་པ་བརྗོད་དོན་དུ་བཟུང་ཞིང་། དར་མདོའི་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་ཐད་གཏོང་བྱེད་སྒོ་དང་ལོ་རྒྱུས་རང་བཞིན་ལྡན་པའི་དར་མདོའི་ས་ག་ཟླ་བའི་ཚེས་བརྒྱད་ཉིན་གྱི་དུས་ཆེན་གཉིས་ལྷན་དུ་སྤེལ་བ་དང་། དར་མདོའི་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་རི་བོ་བསྐོར་བའི་དུས་ཆེན་གྱི་གཟབ་རྒྱས་རྣམ་པ་སླར་ཡང་མངོན་པ་དང་ཆབས་ཅིག་ལྟད་མོ་བ་ཀུན་ལ་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཀྱང་བཤམས་པ་རེད།