ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆེན་ཤང་གི་ཉེ་འདབས་སུ་གཙོད་ཁྱུ་དང་ཁྱུ་མཉམ་དུ་ཐོན་པའི་སྣང་ཚུལ་མཐོང་ཞིང་། ཁ་གྲངས་ལ་ཕལ་ཆེར་ཁྲི་ཙམ་ཟིན་འདུག འདི་འདྲའི་གཙོད་ཁྱུ་དང་ཁྱུ་མཉམ་དུ་ཐོན་ཚུལ་ཉེ་བའི་ལོ་ཤས་རིང་མཐོང་དཀོན། ཡུལ་དངོས་ཀྱི་རྣམ་པ་བརྗིད་ཆགས་ལྡན་ཞིང་རྩྭ་ཐང་ཡོངས་གཙོད་ཀྱིས་ཁེངས་པ་ཞིག་ཆགས་འདུག