འདི་ནི་2022ལོའི་ཟླ་3ཚེས་14ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་ཞིང་པས་ཞིང་ལས་བྱེད་བཞིན་པ།
ཉེ་ཆར་གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ཁུལ་དུ་དཔྱིད་རྨོད་ཀྱི་དུས་ཚིགས་ཤར་བ་དང་ཞིང་ནང་དང་མུ་ཁའི་གང་སར་དཔྱིད་རྨོད་རྨོད་གྲབས་ཀྱི་བྲེལ་ཚུབ་ཀྱི་རྣམ་པས་ཁེངས་ཡོད་པ་རེད།