འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་21ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་བཞི་པ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
གྲོས་ཚོགས་ཐོག་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།
གྲོས་ཚོགས་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉི་ཤུ་པའི་གྲོས་རིམ་གྱི་འཆར་ཟིན་དང་ཉིན་རེའི་ལས་རིམ་ལ་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་སྐོང་འཚོག་བྱ་རྒྱུའི་འབྲེལ་ཡོད་དོན་ཚན་ཐད་ཞིབ་འཇུག་བྱས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ལོ་2022ལོའི་གྲོས་མོལ་གྱི་འཆར་འགོད་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་དང་ལས་ཀའི་བྱེད་ཐབས་ལ་ལེགས་བཅོས་དང་ཤུགས་སྣོན་རྒྱག་རྒྱུ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་2022ལོའི་སློབ་སྦྱོང་དང་འཆད་འཁྲིད་ཀྱི་ཟུར་ལྟའི་ནང་དོན་བཅས་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ། སྤྱི་ལོ་2021ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཙོ་གནད་ཐོག་དོ་ཁུར་བྱེད་པའི་གནད་དོན་གནས་ཚུལ་ཐད་བརྡ་ཁྱབ་བཏང་བའི་ཚོགས་འདུའི་ལས་དོན་གནས་ཚུལ་གྱི་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་གཙོ་གནད་ཐོག་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཀང་ཨའོ་ཐའེ་དང་ཕྱིར་སྡོར་རང་མིའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྤྱི་ལོ་2021ལོའི་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ལས་དོན་འབྲེལ་གཏུགས་བྱེད་མཁན་འབྲེལ་ཡོད་ཀྲུའུ་ཞི་གཞོན་པས་ཁག་སོ་སོར་ལས་དོན་ཐད་དཔྱད་བརྗོད་བྱས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་འགོའི་ཐད་ལ་གསལ་བཤད་གནང་བ་རེད།