སྨར་ཁམས་རྫོང་གིས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་ཐུན་མོང་མ་ཡིན་པའི་ཚྭ་སྐམ་ཡུལ་ལྗོངས་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། སྨར་ཁམས་རྫོང་གི་ཡུལ་སྐོར་ཐོན་ལས་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དེ་བས་ཡག་པོ་ཐུབ་ཡོད་པ་རེད།