སྤྱི་ཟླ་1པོའི་ཚེས་28ཉིན། སྲིད་འཛིན་ཨོ་པཱ་མས་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ཉེ་འགྲམ་གྱི་མའེ་ཨར་ཧེང་ཌི་སུན་གྱི་དམག་དོན་རྟེན་གཞི་རུ་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧ་གྷོར་ལ་ཕེབས་སྐྱེལ་མཛད་སྒོ་འཚོགས་ཤིང་། ཚོགས་ཐོག་ཏུ་གཏམ་བཤད་ཀྱང་གནང་ཡོད། ཨོ་པཱ་མས་ན་ནིང་ལོ་མཇུག་ཏུ་རྒྱལ་སྲུང་པུའུ་ཀྲང་ཧ་གྷོར་གྱི་ལས་གནས་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་པར་མ་ཟད། ལས་ཐོག་སྔོན་མའི་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཨ་ཧྲེན་ཐོན་ཁར་ཐེ་ཡིས་རྒྱལ་སྲིད་པུའུ་ཀྲང་གསར་པའི་འགན་ཁུར་རྒྱུའི་མིང་ཐོ་བཏོན་ཡོད།
ཕེབས་སྐྱེལ་མཛད་སྒོའི་སྐབས་ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་རྒྱལ་སྲུང་པུའུ་ཀྲང་ཧ་གྷོ་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ།
ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧ་གྷོར་དང་ཨ་རིའི་སྲིད་འཛིན་ཨོ་པཱ་མ། སྲིད་འཛིན་གཞོན་པ་བྷེ་ཌིན་རྣམ་པ་གསུམ་པོ་ཕེབས་སྐྱེལ་མཛད་སྒོར་ཞུགས་ཡོད།
ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧ་གྷོར་ལ་ཕེབས་སྐྱེལ་མཛད་སྒོ་གནང་སྐབས་ཨ་རིའི་སྲིད་འཛིན་ཨོ་པཱ་མས་གཏམ་བཤད་གནང་བཞིན་པ།