སྤྱི་ཟླ་10པའི་ཚེས་18ཉིན། སྐབས་གསུམ་པའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་ནས་འཚོགས་ཤིང་།འདི་ནི་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་ལོ་བརྒྱའི་མཚམས་སུ་སླེབས་པའི་གནད་འགག་གི་དུས་ཤིག་ཡིན་ལ། འགོ་ཚུགས་མཛད་སྒོའི་སྟང་དུ་ལོ་བརྒྱའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བརྒྱ་ཁྱབ་བསྒྲགས་བྱས། པེ་ཅིང་ཀྲོའུ་ཁའུ་ཏེན་གནའ་ཤུལ་དང་། ཧོ་པེ་དབྱང་ཡོན་ཉི་ཧོ་དབན་གྱི་གནའ་ཤུལ་ཚོགས་པ། བོད་ལྗོངས་ཆབ་མདོའི་མཁར་རོ་གནའ་ཤུལ་སོགས་གནའ་ཤུལ་ཆེན་པོ་ཁག་100ཤེས་རྟོགས་བྱུང་ནས་ལོ་བརྒྱའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བརྒྱའི་ཁྲོད་དུ་བདམས་ཡོད་པ་རེད།