ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བརྟག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-23


        སྤྱི་ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས་རྟོག་ཞིབ་དང་བརྟག་དཔྱད་གནང་། ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གནམ་གྲུ་ལ་བཞུགས་ནས་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་ཕྱག་ཕེབས་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། དེ་ནས་ཁོང་རླངས་འཁོར་ལ་བཞུགས་ནས་ཉང་ཆུའི་ཟམ་ཆེན་དུ་ཕེབས་པ་དང་། ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་དང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་དགའ་ལྷ་གྲོང་པ། ཀོང་པོའི་སྤྱི་གླིང་བཅས་སུ་ཕེབས་ནས། གྲོང་ཁྱེར་གྱི་འཕེལ་རྒྱས་འཆར་འགོད་དང་གྲོང་གསེབ་དར་རྒྱས། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་། སྤྱི་ཚེས་22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཉིང་ཁྲི་མེ་འཁོར་འབབ་ཚིགས་སུ་ཕེབས་ནས། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་འཛུགས་སྐྲུན་དང་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་། དེ་རྗེས་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་སུ་ཕེབས་ནས། ལྷ་ཉིང་ལམ་དུམ་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་གཟིགས་ཞིབ་གནང་བ་དང་། འབྲེལ་ཡོད་གནས་ཚུལ་ལ་ཞིབ་འཇུག་གཏིབ་ཟབ་གནང་།










དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1