དུས་གཏན་དུ་ཏང་གི་རྗེས་སུ་འབྲང་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱས།

སྤྱི་ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོར། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་གཏན་དུ་ཏང་གི་རྗེས་སུ་འབྲང་ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་དར་མདོའི་ལུས་རྩལ་ཁང་དུ་སྤེལ་བ་རེད། ཐེངས་འདིའི་འཁྲབ་སྟོན་ནི་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པས་སྒྲུབ་འཁན་འཁུར་བ་རེད།



ཁོང་གིས་ཁུལ་ཡོངས་ཀྱི་མི་དམངས་ལ “ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་དཀར་མཛེས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལམ་དུ། ང་ཚོས་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དང་།“ལམ་གཉིས”ཀྱི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་བློ་གཅིག་སེམས་གཅིག་དང་།མི་ཁྲི་སེམས་གཅིག་ལག་གདང་སྦྲེལ་ནས་འབད་འཐབ་དང་དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ་དཀར་མཛེས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས།
《ལྷ་བྱ་འཕུར་བ》དང《ཧྲུའུ་ཅི་དང་པོ》《མཛེས་སྡུག་ལྡན་པའི་ཀྲུང་གོ》《སྔོ་ལྗང་རི་ཆུ》སོགས་ཀྱི་ལེ་ཚན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་དང་།དབུལ་ཐར་འགག་སྒྲོལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ཐད་ཐོབ་པའི་རླབས་ཆེན་གྲུབ་འབྲས་དང་དཀར་མཛེས་སུ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་གོ་རིམ་དུ་བྱས་ཤིང་། ཏང་གི་ཡང་དག་པའི་མགོ་ཁྲིད་འོག། དཀར་མཛེས་ཁུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལུགས། དཀར་མཛེས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ལ་བཅངས་པའི་བཀའ་དྲིན་གྱི་བསམ་པ་མཚོན་པར་བྱས། དཀར་མཛེས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི“ཀྲུང་གོའི་ཕུགས་འདུན”ཞེས་པའི་དཀར་མཛེས་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་གཟི་བརྗིད་ལྡན་པའི་བསམ་འདུན་གང་ལེགས་མཚོན་པར་བྱས། དཀར་མཛེས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་འགྲེམས་སྟོན་དང་།ཏང་གི་གཏམ་རྒྱུད་ཡག་པོ་ཤོད་པ།ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ།ཏང་གི་བྱས་རྗེས་རླབས་པོ་ཆེར་བསྔགས་བརྗོད་བྱེད་པ།ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱེད་དགོས།


འཁྲབ་སྟོན་ལ་ཁུལ་ཨུ་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་སྲིད་གྲོས་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན། ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད། ཁུལ་ཡོངས་ཀྱི་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི།རང་ཁུལ་སྔོན་ཐོན་དཔེ་མཚོན་དང་། ཁུལ་རིམ་པའི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་རིགས་ཁག་གི་འཐུས་མི།དར་མདོ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་སོགས་མི་སྟོང་ལྷག་མཉམ་དུ་འཁྲབ་སྟོན་ལ་གཟིགས་ཡོད་པ་རེད།།