ཡར་འདྲེན་བཅུ་གསུམ།
ཅུང་བསིལ།བཟི་མེད།
ཕན་ནུས།གློ་གཅོང་གི་ནད་དང་།གློ་བའི་རྩ་སྦུབས་ཀྱི་རྣག་རྣམས་འདྲེན་པར་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་བཞི།
བསེ་རུ་ཉེར་ལྔ།
ཅུང་བསིལ།བཟི་མེད།
ཕན་ནུས།གློ་རྣག་སྐེམས་ཤིང་།གློ་ནད་གསར་རྙིང་གི་ནད་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་ལྔ།
རྒུན་འབྲུམ་བདུན་པ།
བསིལ་དྲོད་སྙོམས།བཟི་མེད།
ཕན་ནུས།གློ་མང་བ་དང་།དབུགས་མི་བདེ་བ།གློ་བའི་ནད་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིག་ནས་གཉིས་བར།ཐེངས་རེར་རིལ་བུ་ལྔ།
གློ་གསོས།
ཅུང་བསིལ།བཟི་མེད།
ཕན་ནུས།གློ་མང་བ།དབུགས་ཧལ་བ།ལུད་པའི་ནང་རྣག་འདོན་པ།གློ་ནད་གསར་རྙིང་ཀུན་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་གསུམ་ནས་བཞི།
སྤང་ཁྲག་བཅུ་གཉིས།
བསིལ།བཟི་ཆེ།
ཕན་ནུས།གློ་ཚད་ཀྱིས་དབུགས་གཏོང་དཀའ་བ་དང་།ལུད་པའི་ནང་ཁྲག་འདོན་པ།གློ་མང་བ།རྩིབ་ལོག་གཟེར་བ།ཚ་བ་བརྒྱབ་པ།གཉན་རིམས་དང་།གཉན་སྐྲངས་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་བཞི།
ཙན་དན་བརྒྱད་པ།
བསིལ།བཟི་མེད།
ཕན་ནུས།གློ་མང་བ་དང་།ལུད་པའི་ནང་ཁྲག་དང་རྣག་འདོན་པ།གློ་བ་དང་མཆིན་པའི་ཡུལ་དུ་གཟེར་བ།གློ་ཚད་དང་མཆིན་ཁྲག་རྒྱས་པ་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིག་ནས་གཉིས་བར།ཐེངས་རེར་རིལ་བུ་ལྔ།
གཙོ་བོ་ཉེར་ལྔ།
བསིལ།བཟི་ཅུང་ཡོད། ཕན་ནུས།གློ་མང་བ་དང་།དབུགས་ཡང་ཡང་ཧལ་བ།ལུད་མང་ལུང་ཞིང་ཁྲག་རྣག་འདོན་པ།གློ་ཡི་བརྒྱལ་ཏེ་དབུགས་སྡུད་དཀའ་བ།བྱི་ལའི་མགུལ་དང་འདྲ་བ།སྟོད་ན་བ།གློ་བར་གཟེར་ཟུག་གཏོང་བ།གློ་ཚད་དང་གློ་གཅོང་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིག་ནས་གཉིས་བར།ཐེངས་རེར་རིལ་བུ་གཉིས་ནས་གསུམ་བར།
འཁྲུགས་གློ་ཀུན་སེལ།
ཅུང་བསིལ།བཟི་མེད།
ཕན་ནུས།གློ་མང་བ་དང་།ལུད་པ་གོག་དཀའ་བ།གློ་ཆམ་དང་ཆམ་གཞུག་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིག་ནས་གཉིས་བར།ཐེངས་རེར་རིལ་བུ་བཞི།
སྤང་རྒྱན་བཅོ་ལྔ།
ཅུང་བསིལ།བཟི་མེད།
ཕན་ནུས།གློ་མང་བ་དང་།གྲེ་བ་ཚ་བ།གྲེ་བར་ཟ་ཕྲུག་ལངས་པ།དབུགས་མི་བདེ་བ།སྐད་འགགས་པ།བྲང་བསྡམས་པ།གྲེ་ཆམ་དང་།བད་རླུང་།གློ་ཡུའི་ནད་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིག་ནས་གཉིས་བར།ཐེངས་རེར་རིལ་བུ་ལྔ།
སྲོ་ལོ་བཞི་ཐང་།
ཅུང་བསིལ།བཟི་མེད།
ཕན་ནུས།གློ་མང་བ།ལུད་པ་གོག་དཀའ་བ།སྐོམ་ཚད་ཆེ་བ།གློ་བར་ཁྲག་རྒྱས་པ་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ།
གློ་ཚད་ཀུན་སེལ།
བསིལ་ཆེ།བཟི་ཆུང་ཡོད།
ཕན་ནུས།གཉན་ཚད་དང་།གློ་ཚད་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་བཞི་ནས་ལྔ།
གྷི་ཙན།
བསིལ་ཆེ།བཟི་མེད། ཕན་ནུས།མཆིན་ཁྲག་རྒྱས་པ་དང་།རྩིབ་ལོག་གཟེར་བ།སྟོད་ན་ཞིང་གློ་མང་བ།ལུད་པའི་ནང་ཁྲག་དོན་པ།དེ་བཞིན་གཉན་ནད་གློ་མཆིན་ཡུལ་དུ་བབས་པ།གློ་ཚད་གཟེར་ཐུང་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་ལྔ།