དཔྱིད་ཀྱི་དྲོད་ཁོལ་འཛིན་མའི་པང་ལ་རྒྱབ། །སྐྱེ་དགུ་བག་ལས་སངས་ཤིང་གསོན་ཤུགས་རྒྱས། །ཀྲུང་གོའི་སྲོལ་རྒྱུན་སྡེ་རྙིང་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཐ་རྒྱ་ཤང་ཐ་རྒྱ་སྡེ་བས་ཀྱང་ཐོང་ཁ་འབྱེད་པའི་ཆོ་ག་སྤེལ། སྡེ་མི་ཚོས་ལུས་ལ་གཟབ་མཆོར་གོས་ཀྱིས་རྒྱན་ནས་ཐོང་ཁ་འབྱེད་པའི་ལས་ཞུགས། ཐོང་ལྕགས་ཀྱིས་ས་ཡུག་ལེབ་མོ་རེ་རེ་སློག་དུས། རྒན་གཞོན་ཕོ་མོ་ཀུན་གྱིས་ངག་ནས་ངལ་རྩོལ་ལ་བསྟོད་གླུ་ལེན་བཞིན་སྤར་མོ་དགུང་ལ་གཡུགས་ནས་ས་གཞི་ཐང་མར་བརྡལ། དཔྱིད་གསར་གྱི་ས་བུན་དང་པོ་ཞིང་ནང་དུ་གཏོར་ནས་ཆར་ཆུ་སྙོམས་ཤིང་ལོ་ལེགས་འབྱུང་བར་སྨོན་ལམ་བཏབས། །