བྱ་དགའ་སྤྲོད་ཡུལ།
ཉིན་ཤས་བསྟུད་མར་རྒྱལ་ཕམ་འགྲན་བསྡུར་བྱེད་རིང་། རྒྱལ་ཡོངས་ནས་ཨང་22ཡིན་པའི་བོད་ལྗོངས་ཀྱི་བུད་མེད་མདའ་རྩལ་རུ་ཁག་གིས་འགྲན་རྩོད་དྲག་པོར་མ་སྐྲག་པར་ཕུལ་དུ་བྱུང་བའི་མདའ་རྩལ་དང་། སྙིང་རུས་ཆེ་བ། བབ་བརླིང་གི་བསམ་པར་བརྟེན་ནས་སྔ་རྗེས་སུ་ཀོང་ཏུང་རུ་ཁག(ཨང་11པ)དང་། ནང་སོག་རུ་ཁག(ཨང་6པ)ཧྲན་ཏུང་རུ་ཁག(ཨང་19པ)ཀུའེ་ཀྲོའུ་རུ་ཁག(ཨང་18པ)བཅས་ལས་རྣམ་པར་རྒྱལ་ཏེ། མཐར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཅང་སུའུ་རུ་ཁག་དང་མཐའ་བསྡུར་བྱས་པ་རེད།
འགྲན་བསྡུར་བྱ་ཡུལ།
བོད་ལྗོངས་ཀྱི་བུད་མེད་མདའ་འཕེན་རུ་ཁག་གི་རུ་མི།
2021ལོའི་རྒྱལ་ཡོངས་ཀྱི་མདའ་རྩལ་ཨང་དང་པོའི་འགྲན་བསྡུར་ནི་རྒྱལ་ཡོངས་ཀྱི་མདའ་རྩལ་འགྲན་བསྡུར་གྱི་འགྲན་བསྡུར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་ཆུ་ཚད་མཐོ་ཤོས་ཀྱི་མདའ་རྩལ་འགྲན་བསྡུར་ཞིག་ཀྱང་ཡིན་པས། རྒྱལ་ཡོངས་ཀྱི་རུ་ཁག་32ཀྱི་ལུས་རྩལ་བ་336འགྲན་བསྡུར་ལ་ཞུགས་ཡོད་པ་རེད། བོད་ལྗོངས་རུ་ཁག་གི་ལུས་རྩལ་བ་ཁྱོན་9(སྐྱེས་པ་6དང་བུད་མེད་3)ཡིས་སྐྱེས་པ་མི་སྒེར་དང་། བུད་མེད་མི་སྒེར། སྐྱེས་པའི་མཉམ་སྡེབ། བུད་མེད་མཉམ་སྡེབ། ཕོ་མོ་མཉམ་བསྲེས་མཉམ་སྡེབ་བཅས་རྣམ་གྲངས་ལྔའི་འགྲན་བསྡུར་ལ་ཞུགས་པ་རེད།