2005ལོ་ནས་2020ལོའི་བར་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་འབྲེལ་ཡོད་གཅེས་སེམས་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་ལྷ་སར་“འོད་ཟེར་བྱ་སྤྱོད”སྤེལ་ཞིང་།རིམ་རྩིས་བྱས་ན་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་སྐྱ་གྲིབ་ནད་པ12730ལ་རིན་པ་མི་དགོས་པའི་བསྐྱར་མཐོང་གཤགས་བཅོས་བྱས་པ་རེད། 2021ལོ་ནས་བཟུང་སྐྱ་གྲིབ་ནད་པ106ལ་རིན་པ་མི་དགོས་པའི་བསྐྱར་མཐོང་གཤགས་བཅོས་བྱས་པ་རེད།