རྟའུ་རྫོང་གི་བཀྲ་ཤིས་ནོར་བུ།
རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་སྔོན་ཐོན་མི་སྒེར་བློ་མཐུན་བཀྲ་ཤིས་ནོར་བུ་ནི་2014ལོ་ནས་བཟུང་རྟའུ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་འགན་ཁུར་བར་ལས་བགོས་བྱས། ཁོང་གིས་ཐོག་མཐའ་བར་གསུམ་དུ་འབད་འབུངས་གཙོ་ཁྲིད་ཀྱིས་རྫོང་གི་དབུལ་ཕོངས་བྱ་ཡུལ་ནས་གནད་སྨིན་ངོས་འཛིན་དང་གནད་སྨིན་རོགས་སྐྱོར་ནས་གནད་སྨིན་ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་སྣེ་ཁྲིད་བྱས།
བཀྲ་ཤིས་ནོར་བུ་ནི་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་སྟེ། རྟའུ་རྫོང་གི་དབུལ་གྲོལ་འགག་སྒྲོལ་གྱི་འགན་ཁུར་པར་ལས་བགོས་བྱས་པའི་ལོ་བདུན་གྱི་རིང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་ལས་བྱེད་པ་ཞིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གསལ་བཤད་བྱས་ཡོད་ལ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཞག་ནས་མང་ཚོགས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ཡོད། གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་བཤད། ཁོང་གིས་དབུལ་པོར་བདེ་སྡུག་འདྲི་བ་དང་། མི་དང་འགྲོགས་བདེ་གཤིབ་བདེ་བྱེད་པ། མི་དམངས་ལ་ལྷག་བསམ་རྣམ་དག་གིས་ལས་ཀའི་སྤྲོ་སེམས་དང་དངོས་དོན་གཉེར་བའི་ལས་ཀའི་སྤྱོད་ཚུལ་ལ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད། ཁོང་གིས་གཞི་རིམ་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་གིས་འགན་འཁུར་ཕོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད། །
དཔལ་ཡུལ་རྫོང་གི་འཆི་མེད་རིག་འཛིན།
ཏང་གི་རྩ་འཛུགས་ལ་གཞོལ་ནས་ཏང་ལ་དགའ་མཁན་གསོ་སྐྱོང་བྱས།
འཆི་མེད་རིག་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་འཛུགས་སྐྱོང་ལ་གཞོལ་ཞིང་། ན་གཞོན་ཏང་ཡོན་གསོ་སྐྱོང་ཧུར་ཐག་བྱས་ནས་གྲོང་ཚོ་ཡོངས་ཀྱི་ཏང་རྩ་འཛུགས་ལ་གསོན་ཤུགས་གསར་པ་བསྣན་ནས་ཏང་གི་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་པ་དང་། ཏང་གི་སློབ་ཚན་དང་ཏང་ཡོན་ཚོགས་ཆེན་སོགས་ལ་བརྟེན་ནས་ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་ཐེངས་15ལྷག་ཙམ་བྱས་ཏེ་ཏང་ཡོན་གྱི་ཏང་གཤིས་སློབ་སྦྱོང་དང་དྲིན་ཚོར་འདུ་ཤེས་ཟམ་མི་ཆད་པར་ཟབ་སྤེལ་བཏང་བས་ཁྱིམ་ཚང་ཚང་མས་རང་འགུལ་ངང་རླབས་ཆེན་མི་སྣའི་འདྲ་པར་བཀལ་ཞིང་རྒྱལ་དར་བསྒྲེངས་ཡོད་པ་དང་ཆབས་ཅིག་ན་གཞོན་དེ་བས་མང་པོ་ཞིག་གིས་ཏང་རྩ་འཛུགས་དང་ཉེ་བཅར་ཐུབ་པ་སོགས་ཀྱི་དཀའ་བ་སྤྱད་ནས་གྲུབ་འབྲས་བཟང་པོ་ཐོབ་པ་རེད།
ཁྱད་ལྡན་ཐོན་ལས་ལ་བརྩོན་ནས་དམངས་ཀྱི་ཡོངས་འབབ་འཕར་སྣོན་བཏང་།
འཆི་མེད་རིག་འཛིན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་ལ་སྐུལ་འདེད་གཏོང་བ་དང་གྲོང་མི་སྒྲིག་འཛུགས་བྱས་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་སོགས་ཐེངས་6ལ་བསྒྲུབས་པ་དང་། གྲོང་མིས་སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱས་པས། གྲོང་མིའི་ཚན་རིག་དང་མཐུན་པའི་རྨོ་འདེབས་འདུ་ཤེས་དང་འདེབས་འཛུགས་ལག་རྩལ་ཇེ་མཐོར་ཕྱིན་ཡོད། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ལ་སྐུལ་འདེད་བཏང་ནས་2017ལོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། འབྲི་གཡག་གསོ་ཚགས་དང་། སྒོག་པ། ཞོག་ཁོག།།པད་ཁ་སོགས་དྲོད་ཁང་ཆེན་མོ་ནས་འདེབས་འཛུགས་བྱས་ཤིང་། མིག་སྔའི་བར་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལོ་རེར་སྒོར་ཁྲི་10ལྷག་ཙམ་ཟིན་ནས་དེ་དང་ཆབས་ཅིག་གྲོང་མིས་སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་ཚགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
རྨང་གཞིའི་སྒྲིག་བཀོད་ལ་འབད་ནས་གྲོང་པར་ཕན་འབྲས་རྒྱ་ཆེར་བསྩལ།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཕྱོགས་མགྱོགས་སུ་གཏོང་རྒྱུ་དེ་ནི་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་གྲོལ་འགག་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་ཞིང་རང་འགུལ་ངང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་རྫོང་རིམ་པའི་འབྲེལ་ཡོད་ཤུགས་ཆེའི་སྡེ་ཚན་གྱི་ལས་དོན་མི་སྣ་དང་སྦྲེལ་མཐུད་བྱས་པར་མ་ཟད། དུས་ཐོག་ཏུ་གྲོང་ཚོ་ཨུ་ལྷན་གཉིས་དང་དེ་བཞིན་ཏང་ཡོན་སྒྲིག་འཛུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཐོན་པའི་རྩོད་གཞིའི་གནད་དོན་ལ་འདུམ་འགྲིག་བྱས་ཏེ་སྡོད་ཁང་དང་། འཐུང་ཆུ། ཉི་ནུས་ལམ་སྒྲོན། འཁྱེར་འཕྲིན་དྲ་བ་རིམ་སྤོར་དང་། གཞུང་ལམ། ལུས་ཁྲུས་ཁང་། དུད་སྦྲེལ་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་རེད། ཁོང་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་གཅིག་གྱུར་འགོ་ཁྲིད་དང་། རྣམ་གྲངས་ལས་འཛིན་ལྷན་ཚོགས་ཀྱིས་ཞིབ་ཕྲའི་འགན་འཁུར། མང་ཚོགས་ཀྱིས་ངལ་ལས་ལ་ཞུགས་པའི་བྱེད་ཐབས་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་གྱི་འཆར་འགོད་དོ་དམ་ལ་ཤུགས་སྣོན་བྱས་ནས་གྲོང་ཚོ་རིམ་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་ལམ་སྲོལ་བཟོས་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་རྣམ་གྲངས་ཀྱིས་ཕན་འབྲས་ཆེ་ཤོས་ཐོན་པ་དང་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པའི་འགན་ལེན་བྱས་པ་རེད།
གཞན་ཕན་ལས་ཀ་དེ་བསྒྲུབས་ནས་གྲོང་གསེབ་འཕེལ་རྒྱས་གཙིགས་སུ་འཛིན།
འཆི་མེད་རིག་འཛིན་གྱིས་ཤིང་ཆས་ཁང་པ་བསྐྲུན་དཀའ་བའི་དུད་ཚང་7ལ་རོགས་སྐྱོར་བྱས། གྲོང་ཚོ་ཨུ་ལྷན་གཉིས་སྒྲིག་འཛུགས་བྱས་ནས་བདེ་འཇགས་འཐུང་ཆུའི་མདོང་ལམ་ཉམས་གསོ་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་60ཡི་མི་328ཀྱི་དགུན་དུས་འཐུང་ཆུའི་དཀའ་ངལ་བསལ་ཡོད་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་ཁོང་གིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཚོགས་ཆུང་4སྒྲིག་འཛུགས་བྱས་ནས་ཁྱོན་སྤྱི་ལེ་2.4ཡི་དུད་སྦྲེལ་ལམ་བསྐྲུན་པ་ནས་གྲོང་ཚོ་ཡོངས་ཀྱི་མི་328ཀྱི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ད་དུང་ཆུ་འཕུད་སའི་ཆུ་རྐ་སྤྱི་ལེ་1.5གསར་སྐྲུན་བྱས་པ་དང་། གྲོང་མི་སྒྲིག་འཛུགས་བྱས་ནས་ཡུལ་ཤོག་ཡོངས་ལ་རིག་གནས་ཐང་ཆེན་ཞིག་འཛུགས་སྐྲུན་བྱས་ཡོད་པ་རེད།
འཆི་མེད་རིག་འཛིན་གྱིས་བཤད་རྒྱུར། ཕྱིན་ཆད་ད་དུང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་ནས་འགོ་བརྩམས་ཏེ། ཏང་ཀྲི་པུའུ་སྲོག་ཤིང་དུ་གྱུར་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་འབད་བརྩོན་བྱས་ནས། དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་ཐག་གཅོད་པ། དམངས་གཙོས་དོ་དམ་བྱེད་པ། དམངས་གཙོས་ལྟ་སྐུལ་བྱེད་པ་བཅས་ཁོང་དུ་ཆུད་པར་བྱས་ནས་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་། བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པར་བྱས་ཏེ་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱ་རྒྱུ་དངོས་སུ་དམ་འཛིན་ལེགས་པར་བྱས་ཐོག་གྲོང་སྡེ་རིམ་པའི་ལམ་ལུགས་ཚད་ལྡན་ཅན་དུ་འགྱུར་བར་བྱེད་པ་དང་། གྲོང་གསེབ་ཀྱི་དམངས་གཙོའི་ཆབ་སྲིད་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་གྲོང་གསེབ་ཀྱི་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་དང་ཕྱུག་པོར་འགྱུར་རྒྱུའི་འཇོན་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས་པར་བཤད། །
རྔ་བ་རྫོང་གི་མཚོ་སྐྱིད།
རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་སྔོན་ཐོན་མི་སྒེར་མཚོ་སྐྱིད་ནི་བོད་རིགས་དང་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། 1989ལོའི་ཟླ་6པའི་ཚེས་30ཉིན་འཛམ་ཐང་རྫོང་དུ་སྐྱེས་ཤིང་། 2012ལོར་ལས་ཀར་ཞུགས། ད་ལྟ་ཀྲུང་གུང་རྔ་བ་རྫོང་ཨུའི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་ཡོད། མོས་སྔ་གཞུག་ཏུ་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོ་མི་དམངས་སྲིད་གཞུང་དང་གཅའ་གྲོང་རྡལ་མི་དམངས་སྲིད་གཞུང་། རྔ་བ་ཁུལ་རྫོང་ཨུའི་གཞུང་ལས་ཁང་བཅས་སུ་ལས་ཀ་བསྒྲུབས་པ་རེད། ལོ་ངོ་5ཡི་རིང་ལ། སྤྲོ་ཚིགས་ཡུལ་ཚོ་ནས་མོས་ཡིག་འབྲི་བ་དང་དམངས་སྲིད་ལས་རོགས་པའི་འགན་འཁུར་ནས། རང་བབ་ལས་འགན་ལེགས་པར་འགྲུབ་པར་མ་ཟད། མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཁེར་འདུག་རྒས་ཁོག་དང་བྱིས་པ་སོགས་དཀའ་ངལ་ཆེ་བའི་མང་ཚོགས་ལ་སེམས་ཁུར་དང་རོགས་སྐྱོར་བྱས་ཏེ། ཉིན་རྒྱུན་དུ་ཁོ་ཚོར་གཙང་སྦྲ་དང་ཁ་ཟས་ལས་རོགས་བྱེད་པས། སྡེ་མི་རྣམས་ཀྱིས་མོ་ལ་བུ་མོ་ལས་ཀྱང་བརྩེ་བ་ལྡན་པའི་ལས་བྱེད་པ་ཞེས་འབོད་བཞིན་འདུག
ཁེར་འདུག་རྒས་ཁོག་དང་དབང་པོ་སྐྱོན་ཅན། དྭ་ཕྲུག་བཅས་ཀྱི་གནས་ཚུལ་གསལ་པོར་རྒྱུས་ལེན་ཆེད། མོས་རྒྱུན་པར་གློག་རྟ་ཞོན་ནས་སྡེ་པ་རེ་རེ་དང་ཁྱིམ་ཚང་རེ་རེར་སོང་ནས་འདྲི་གཅོད་བྱས་པར་མ་ཟད། འགྲོ་འོང་སྟབས་མི་བདེ་བའི་ཁེར་འདུག་རྒས་ཁོག་དག་རང་གི་གློག་རྟའི་འཕོངས་མགོར་བཞག་ནས་ལས་ཁུངས་ནས་འབྲེལ་ཡོད་ཐོ་འགོད་ལས་ཀ་བསྒྲུབས་ཤིང་། མོས་དཀའ་ངལ་ཁྱད་གསོད་དང་ལྷག་བསམ་དཀར་བའི་བསམ་སྤྱོད་ལས་སྡེ་མི་རྣམས་ལ་སེམས་འགུལ་ཐེབས་པ་དང་། མོ་ནི་མི་སེར་ཀུན་གྱི་ལས་རོགས་བཟང་པོ་དང་བློ་འདྲིའི་ལན་འདེབས་མཁན་པོ་ཞིག་ཏུ་གྱུར།
2016ལོའི་ཟླ་1པོར། རྔ་བ་རྫོང་གཅའ་གྲོང་རྡལ་མི་དམངས་སྲིད་གཞུང་དུ་མཚོ་སྐྱིད་ཀྱི་ལས་གནས་སྤར། གཅའ་གྲོང་རྡལ་ནི་ཡུལ་མཐའ་འཁོབ་ཏུ་གནས་པའི་འབྲོག་སྡེ་ཞིག་ཡིན་ལ། རྒྱུན་པར་ཁངས་དང་འཁྱགས་རོམ་ཆགས་པ། གཞུང་ལམ་ཀྱག་ཀྱོག་ཆེ་ཞིང་ཁོད་མི་སྙོམས་པ་ཞིག་ཡིན། མོས་གཅའ་གྲོང་རྡལ་ཧུ་ར་མ་གྲོང་སྡེའི་སྡེ་སྡོད་ལས་བྱེད་པའི་འགན་ཁུར་ཡོད། མོ་ཡང་ཆུང་དུས་སུ་འབྲོག་ཕྱོགས་ནས་ལག་ཆགས་པས་རྟ་ཞོན་པར་མཁས། རྒྱུན་པར་རྟ་ཞོན་ནས་འབྲོག་སར་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀ་བསྒྲུབས་ཤིང་། ལས་འགན་ལྗིད་པའི་སྐབས་སུ་ཟླ་གསུམ་གྱི་རིང་ལ་ཕ་ཡུལ་དུ་ཐེངས་གཅིག་ལའང་ལོག་མི་ཐུབ། ཡིན་ནའང་། མོས་དགའ་བ་དང་བཅས་དབུལ་སྒྲོལ་གྱི་བྱ་བར་བརྩོན་པ་ལས་དཀའ་སྣང་དང་སུན་སྣང་ཅི་ཡང་སྐྱེས་མ་མྱོང་། འབྲོག་ཕྱོགས་ཀྱི་ལྷས་ར་དང་སྦྲ་འདབས་རེ་རེར་རྟ་བོའི་རྨིག་རྗེས་བཀོད་ཅིང་ཁོ་མོའི་ངག་སྐད་ཁུ་བྱུག་ལྟར་གྲགས་བཞིན་ཡོད།
དབུལ་གྲོལ་འགག་སྒྲོལ་དང་སྡེ་སྡོད་རོགས་སྐྱོར་ལ་བརྩོན་པ་བསྐྱེད་ཅིང་། སྒོས་སུ་རྔ་བ་ཁུལ་དུ་འབྲེལ་གཉིས་སྒྲོག་གཅིག་ཅེས་པའི་མང་ཚོགས་བྱ་གཞག་ཀུན་ལ་ཁྱབ་པ་སྤེལ་སྐབས་སུ། མོས་ལོ་ན་གསུམ་ལས་ལོན་མེད་པའི་དབུལ་ཁྱིམ་ཞིག་གི་བུ་མོ་ཁ་ཤོ་བསམ་སྒྲོན་ངོ་ཤེས་པ་རེད། མོ་ལ་ཕྲུ་གུ་གཉིས་ཡོད་པར་མ་ཟད་ཁྱོ་ག་ལའང་གཏན་འཇགས་ཀྱི་ཡོང་འབབ་མེད་མོད། བུ་མོ་ཁ་ཤོ་ལ་སྨན་བཅོས་བྱེད་པའི་འདུན་པ་འགོག་མེད་དུ་སྐྱེས་ཏེ། 2018ལོའི་ཟླ་12བར་མོའི་ཁྱོ་གའང་འཐད་པ་བྱུང་ནས་བུ་མོ་ཁ་ཤོར་སྨན་བཅོས་བྱེད་པའི་ལས་ལ་ཞུགས། ལོ་ངོ་གཉིས་ཀྱི་རིང་། ཁྱོ་ཤུག་གཉིས་ཀས་ཁྲེང་ཏུའུ་ཧྭ་ཞི་སྨན་ཁང་དང་སྐམ་དམག་སྨན་ཁང་། ཁྲེང་ཏུའུ་གྲོང་ཁྱེར་བུད་མེད་དང་བྱིས་པའི་སྨན་ཁང་སོགས་ནས་བུ་མོར་ཐེངས་གཉིས་ལ་གཤག་བཅོས་བྱས་ནས་ལེགས་གྲུབ་བྱུང་སྟེ། བུ་མོ་ཆུང་ཆུང་གི་མཛེས་ཤིང་སྡུག་པའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་གྲོལ་བྱུང་། དེང་སང་བུ་མོ་ཆུང་ཆུང་དེས་མོ་ལ་ཨ་མ་ཞེས་འབོད་བཞིན་ཡོད་ལ། མོས་ཀྱང་རང་གི་བུ་ཕྲུག་ལྟར་གཅེས་པར་བསྐྱངས་དང་སྐྱོང་བཞིན་ཡོད་པས། རོང་འབྲོག་མང་ཚོགས་ཀྱིས་མོ་ལ་བྱམས་དང་སྙིང་རྗེ་ལྡན་པའི་ཨ་མ་དྲིན་མོ་ཆེ་ཞེས་བསྟོད་པའི་མཐེ་བོང་བསྒྲེངས་བྱུང་། མོས་དམངས་ལ་བཅངས་པའི་བྱམས་བརྩེ་རེ་རེ་དང་དམངས་དོན་དུ་བགྱིས་པའི་དོན་བཟང་རེ་རེ་ལས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བསམ་པ་དང་འགན་འཁྲི་ཞིག་ལ་འགྲེལ་བཤད་བྱས་ཡོད་དོ། །
བཙན་ལྷ་རྫོང་གི་ཁྲེན་ཝང་ཧུའེ།
རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་སྔོན་ཐོན་མི་སྒེར་ཁྲེན་ཝང་ཧུའེ་ནི་1974ལོའི་ཟླ་4བར་སི་ཁྲོན་བཙན་ལྷ་རྫོང་དུ་སྐྱེས། 2010ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྔ་གཞུག་ཏུ་བཙན་ལྷ་རྫོང་ཏ་ཡུང་གྲོང་རྡལ་མའོ་ཧྲའེ་སྡེ་པའི་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱི་འགན་བཞེས་མྱངས། 2010ལོར་བཙན་ལྷ་རྫོང་གྱ་གྱུ་རི་བོ་ཆིང་ཏའོ་ཞང་རི་སྐྱེས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས། ས་ཁོངས་ཀྱི་དགེ་མཚན་སྤེལ་ཏེ་རྒྱ་སེ་མེ་ཏོག་འདེབས་འཛུགས་དང་། ལས་སྣོན་ཐོན་སྐྱེད། ཁྲོམ་རར་བྲིན་འཚོང་བཅས་བྱས་ནས་ས་གནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། ལོ་དེ་ནས་བཟུང་། མོས་ཁེ་ལས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཀུང་སི་དང་མཉམ་ལས་ཁང་། ཞིང་དུད། རྟེན་གཞི་བཅས་མཉམ་དུ་འབྲེལ་བའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་འཚོལ་ཞིབ་བྱས་ཤིང་། ཀུང་སི་ཡིས་རྒྱ་སེ་མེ་ཏོག་གི་ཐོན་རྫས་ལ་ལས་སྣོན་བྱ་རྒྱུ་དང་། མཉམ་ལས་ཁང་གིས་མྱུ་གུ་གསོ་བ། འབྲུ་གུ་སྤྲོད་པ་དང་། ལག་རྩལ་ཐད་ནས་ཁྲིད་སྟོན་དང་མེ་ཏོག་ཉོ་སྒྲུབ་བྱེད་པ། ཞིང་ཁྱིམ་གྱིས་ཞིང་ར་རུ་འདེབས་འཛུགས་ལ་དོ་དམ་དང་རྒྱ་སེ་མེ་ཏོག་འཐོག་པ་བཅས་ཀྱི་ལས་འགན་ཁག་བགོས་བྱས་ཡོད། འདེབས་འཛུགས་རྟེན་གཞི་ནི་མང་ཚོགས་རང་ཉིད་ཀྱི་ཞིང་ར་ཡིན་པ་དང་ལས་ཀ་མང་ན་ཐོབ་བྱ་མང་བས་ཁོ་ཚོའི་ཡིད་ཆེས་དང་ངར་ཤུགས་སྔར་བས་ཆེ་རུ་ཕྱིན། མང་ཚོགས་རྣམས་ལ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བ། རིམ་བཞིན་ནུས་ཤུགས་ཡོད་རྒུས་རྒྱ་སེ་མེ་ཏོག་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱས་པས་ཀྲུང་དབྱང་གི་འགོ་ཁྲིད་དང་ཞིང་ཆེན། ཁུལ། རྫོང་སོགས་རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།
2020ལོར་སླེབས་སྐབས་ཀུང་སིས་རྫོང་ཡོངས་ཀྱི་གྲོང་ཚོ་དང་གྲོང་རྡལ་ཁག་ཏུ་གཅིག་སྡུད་ཐོག་སྒོར་ཁྲི་610ལྷག་བཏང་བར་ལྕག་སྐུལ་གྱི་ཕན་འབྲས་གསལ་པོ་ཐོན་ཡོད། ཁྲེན་ཝང་ཧུའེ་ཡིས་ངོ་སྤྲད་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཀུང་སིས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་13དང་གྲོང་ཚོ་46ལ་སྣེ་ཁྲིད་བྱས་པའི་ནང་གྲོང་ཚོ་དབུལ་པོ་31གི་དུད་ཚང་1200ལྷག་(དབང་པོ་སྐྱོན་ཅན་གྱི་དུད་ཚང་470ལྷག་ཚུད།)སྐུལ་ཁྲིད་ཐུབ་ཡོད་ལ། དེས་རྫོང་ཡོངས་ཀྱི་མི་འབོར་དབུལ་པོའི་ཉིས་ཆ་གཅིག་ཡན་ཟིན་པ་དང་སྤྱིའི་མི་འབོར་གྱི་བདུན་ཆའི་གཅིག་ཡན་གྱི་ཡུལ་མི་རྒྱ་སེ་མེ་ཏོག་གི་ཐོན་ལས་ལ་ཞུགས་ཡོད། 2021ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་8000ཡན་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ལ། ཀུང་སིས་ལོ་ལྟར་མེ་ཏོག་བསྡུས་ནས་ལས་སྣོན་བྱེད་རིང་ས་གནས་གྲོང་མི་དང་དེ་བཞིན་དུད་ཚང་དབུལ་པོ་ཡིན་པ་དང་དབང་པོ་སྐྱོན་ཅན་གྱིས་ལས་ཞུགས་ལས་གནས་180ལྷག་མཁོ་འདོན་བྱེད་ཀྱིན་ཡོད།
ཀུང་སི་དེ་གས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་ཆབས་ཅིག །རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་མྱོང་གཟིགས་ཡུལ་སྐོར་དང་། ཐོན་རྫས་མྱོང་ཚོར། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་སྔོག་འདོན་སོགས་ཀུང་སིའི་འཕེལ་རྒྱས་ཀྱི་དམིགས་ཚད་གལ་ཆེན་ནང་བཅུག་པར་མ་ཟད། སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་སྒྲིག་ཆས་དང་རྩེར་སོན་གྱི་ཚན་ཞིབ་ཚོགས་པ་དང་ཀོང་ཏུང་གི་དངོས་ཤུགས་ཅུང་ཆེ་བའི་ཀུང་སི་དང་དོ་དམ་གྱི་ཤེས་ལྡན་མི་སྣའི་ཚོགས་པ་སོགས་ནང་འདྲེན་བྱས་ནས་བཙན་ལྷའི་རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་ཚད་གཞི་མཐོན་པོ་ཞིག་ཐུན་མོང་ཐོག་བཏོད་ལ། རྒྱ་སེ་མེ་ཏོག་ཐོན་རྫས་ཀྱི་ཁྱབ་ཁོངས་གསར་པའི་ནུས་པ་དང་འཕེལ་རྒྱས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་། ཀུང་སིའི་དོ་དམ་ནུས་པ་དེང་རབས་ཅན་དུ་རྒྱུན་ཆད་མེད་པར་བསྒྱུར་བ། ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་ཞིབ་བཟོ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོ་རུ་གཏོང་བ། རྒྱལ་ནང་གི་རྩེར་སོན་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་རྒྱ་སེ་མེ་ཏོག་ཐོན་ལས་ཁེ་ལས་ཚོགས་པར་འགྱུར་རྒྱུར་འབད་བརྩོན་ཧུར་ཐག་བཅས་བྱས་ནས་ས་གནས་མི་དམངས་མང་ཚོགས་སྔར་བས་མང་བས་རྒྱ་སེ་མེ་ཏོག་འདེབས་པ་དང་འབབ་འཕར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད་པ་རེད། །
འཛམ་ཐང་རྫོང་གི་ཀྲའོ་ཡུས་རྨིན།
རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་སྔོན་ཐོན་མི་སྒེར་ཀྲའོ་ཡུས་རྨིན་ནི་སྤྱི་ལོ་1992ལོར་ཧྲན་ཞི་ཞིང་ཆེན་ཧྲུའོ་ཀྲོའུ་གྲོང་ཁྱེར་དུ་སྐྱེས་ཤིང་། 2007ལོར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཕྱོགས་བསྡུས་འཆར་འགོད་སི་རུ་ལས་ཞུགས་བྱས། སྔ་གཞུག་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་གུང་གཞོན་ཐོན་ཡོན་དང་། 2019ལོའི་འཛམ་ཐང་རྫོང་གི་དབུལ་གྲོལ་འགག་སྒྲོལ་སྔོན་ཐོན་མི་སྒེར། ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་མི་སྣ། རྔ་བ་ཁུལ་དབུལ་གྲོལ་འགག་སྒྲོལ་གྱི་གཞན་ཕན་ལྷག་བསམ་གཟེངས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ཡོད་ལ། ཁོས་རང་འགུལ་གྱིས་མཚོ་ངོས་ལས་མཐོ་ཚད་4000ཡན་གྱི་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་དུ་ལས་འགེལ་དབུལ་སྐྱོར་དུ་འགྲོ་བར་རེ་ཞུ་བྱས་ནས། རྫོང་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཅུས་ཀྲང་གཞོན་པ། བུག་རྗེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། བུག་རྗེ་ཡུལ་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར། ལོ་གཉིས་ཀྱི་རིང་དུ། ཁོ་བོས་ནམ་ཟླ་འཁྱགས་པ་དང་དབྱང་དབུགས་དཀོན་པ། སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསལ་ཏེ། མཐོ་སྒང་དུ་རྐང་ཚུགས་ལ་རང་འགན་ཅི་ནུས་བྱས།
བུག་རྗེ་ཡུལ་ཚོ་ནི་འཛམ་ཐང་རྫོང་གི་དབུལ་སྡེའི་ཁྲོད་ཀྱི་དབུལ་སྡེ་ཞིག་ཡིན་ལ། དབུལ་ཕོངས་འབྱུང་ཚད་26%ཡིན། བཤས་ཚོང་སྤང་བའི་འདུ་ཤེས་དྲགས་པ་དང་ས་ཁོངས་དབུལ་བས་ཐོན་ལས་འཕེལ་རྒྱས་གཏོང་བར་ཧ་ཅང་དཀའ་ངལ་ཆེ། ཁོ་བོ་བུག་རྗེ་ཡུལ་ཚོའི་གྲོང་པ་11ལ་འགྲིམ་ནས་གནས་ཚུལ་ཞིབ་ཕྲའི་ངང་རྒྱུས་ལོན་བྱས་པ་དང་རི་སྐྱེས་ཤ་མོ་ལས་སྣོན་དང་ལོ་ཏོག་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་བྱས། ཀྲའོ་ཡུས་རྨིན་གྱིས་བཤད་རྒྱུར། ངས་རང་ནུས་ཅི་ལྕོགས་ཀྱིས་སྒོར་ཁྲི་8བརྩོན་ལེན་བྱས་ཏེ་ཐོན་སྐྱེད་རྟེན་གཞི་བཙུགས་པ་དང་མང་ཚོགས་ལ་སྣེ་ཁྲིད་དེ་འཚོལ་བསྡུ་ལས་སྣོན་དང་། ཐོན་རྫས་ཀྱི་ཐུམ་སྒྲིལ་ལེགས་ཇུས། རི་སྐྱེས་ཤ་མོ་བྲིན་འཚོང་ལ་འོས་སྦྱོར་ཤུགས་ཆེན་བྱས་ལ། ཡང་ཞིང་ལས་རྒྱུ་ཆ་སྒོར་ཁྲི་15བརྩོན་ལེན་བྱས་ནས་མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་ལོ་ཏོག་མུའུ་200ལྷག་འདེབས་ཏུ་བཅུག
2020ལོར་སླེབས་སྐབས་བུག་རྗེ་ཡུལ་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་40ཟིན་པ་དེ་2018ལོ་ལས་ལྡབ་5ལྷག་འཕར་ཡོད་པ་རེད། ཁོས་ནམ་ཡང་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་སེམས་ལ་དམ་པོར་བཟུང་ནས། ཨར་འདམ་སྲ་ལམ་ལས་ནས་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ལ། མ་དངུལ་སྒོར་ཁྲི་700ལྷག་གི་བུག་རྗེ་ཡུལ་ཚོ་གསར་བསྐྲུན་པའི་རྣམ་གྲངས་དོན་འཁྱོལ་བྱས་པས། བུག་རྗེ་ཡུལ་ཚོ་བདེ་བླག་ངང་དབུལ་གྲོལ་ཐུབ་ནས་རྫོང་དབུལ་གྲོལ་འགག་སྒྲོལ་སྔོན་ཐོན་སྡེ་པ་དང་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་བདམས་ཤིང་། སྡེ་རྣམ་གསར་པ་ཞིག་རྣམ་པར་མངོན་ཡོད།
གཞུང་ལམ་གྱི་གནོད་འཚེ་བཅོས་སྐྱོང་ཐད་ནས་ཁོ་བོས་གླེང་རྒྱུར། ངས་མ་དངུལ་སྒོར་དུང་ཕྱུར་2.1བཏང་བའི་རྒྱལ་ལམ་227ཡི་གནོད་འཚེའི་སྐོར་གྱི་ཉིས་སྒྲིག་ལས་གྲྭ་ལས་སྒོར་ཁྲི་900བརྩོན་ལེན་བྱས་ཏེ་གནོད་འཚེ་ཕོག་ཁུལ་བཅོས་སྒྲིག་བྱས་པ་དང་། རྫོང་ལས་ཕྱིར་འགྲོ་བའི་ལམ་གཉིས་པ་བསྐྲུན་པའི་ཐད། མ་དངུལ་སྒོར་དུང་ཕྱུར་6.7གྱི་ཞིང་ཆེན་རིམ་པའི་ལམ་453འཛམ་ཐང་རྫོང་ནས་རྫོང་འབུར་ཡུལ་ཚོ་བར་གྱི་གཞུང་ལམ་ལས་གྲྭ་བརྩོན་ལེན་བྱས་པ་དང། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱེད་པའི་ནང་ཞུགས།
དེ་ཡང་ཀྲའོ་ཡུས་རྨིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ་ལས་ཞུགས་བྱས་རྗེས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞི་དང་འགྲིམ་འགྲུལ་དབུལ་སྐྱོར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་སོགས་ཀྱི་སྲིད་ཇུས་གཏན་འབེབས་ནང་ཞུགས་པ་རེད་ལ། གྲོང་གསེབ་ཀྱི་གཞུང་ལམ་འཕྲུལ་ཆས་ཅན་དུ་འགྱུར་བའི་བདག་སྐྱོང་ལྟེ་གནས་འཛུགས་སྐྲུན་དང་། ལམ་དཔོན་ལམ་ལུགས་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གོང་སྤེལ་བཏང་བས། ཡུལ་ཚོ་དང་གྲོང་རྡལ་100%དང་སྒྲིག་ཁོངས་སུ་ཚུད་པའི་སྡེ་པ་ཨར་འདམ་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་པ་100%མངོན་འགྱུར་བྱུང་ཡོད་པས། འཛམ་ཐང་རྫོང་གིས་སི་ཁྲོན་ཞིང་ཆེན་གྱི་ལེགས་བཞིའི་གྲོང་གསེབ་ལམ་དཔེ་སྟོན་རྫོང་བདེ་བླག་ངང་བསྐྲུན་པར་སྐུལ་འདེད་བཏང་ཡོད། ཁོས་དུས་རྒྱུན་རང་ཉིད་འཛམ་ཐང་བ་ཞིག་ཏུ་བརྩིས་ནས་ཕ་ཡུལ་འཛམ་ཐང་འཛུགས་སྐྲུན་གྱི་བྱ་གཞག་ལ་རེམས་པས་ས་གནས་ལས་བྱེད་པ་དང་མང་ཚོགས་ཚོས་བསྟོད་པའི་མཐེ་བོང་སྒྲེང་བྱུང་། །