བཙོས་ཚར་བའི་གོ་དམར་ལག་ཏུ་བཟུང་ནས་ཚེ་སྐྱིད་སྒྲོལ་མའི་བཟའ་མི་གང་བོའི་གདོང་ལ་བདེ་སྐྱིད་ཀྱི་ཉམས་ཤིག་ཤར་འདུག
ཚེ་སྐྱིད་སྒྲོལ་མའི་མནའ་མས་གོ་དམར་བཙོ་བཞིན་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་ཀེ་ཤང་ལབ་ཙེ་སྡེ་བའི་སྡེ་མི་ཚེ་སྐྱིད་སྒྲོལ་མ་ཚང་དུ་ཁྱིམ་མི་གང་བོ་ལས་ལ་བྲེལ་བཞིན་ཡོད། ལ་ལས་སྣུམ་སྐོལ་བ་དང་ལ་ལས་ཕྱེ་བརྡལ་བ། ལ་ལས་གོ་དམར་འཚོད་ཀྱིན་ཡོད། ཅུང་མ་འགོར་བར་གོ་དམར་མང་པོ་བཙོས་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཐུགས་ཁུར་འོག་ཏུ་ཚེ་སྐྱིད་སྒྲོལ་མ་བཟའ་མི་གང་བོ་སྡོད་ཁང་བསྒྱུར་བཀོད་ཀྱི་རྣམ་གྲངས་ནང་ཞུགས་ཏེ་ཁང་གསར་ནང་དུ་བསྡད་པ་དང་ཆུ་དང་གློག་ཀྱང་ཧ་ཅང་སྟབས་བདེ་ཡིན་པ་རེད། གུང་ཧོ་རྫོང་ལས་ཞུགས་ཅུས་ཀྱི་བཀའ་དྲིན་འོག་ཏུ་ཚེ་སྐྱིད་སྒྲོལ་མའི་བུ་དང་མནའ་མ་གཉིས་ཀྱིས་ཀྱང་སྒོ་ཕྱི་རུ་ཞོར་ལས་ལས་བཞིན་ཡོད་པ་དང་ཡོང་སྒོ་མང་པོ་བཙལ། བཟའ་མི་གང་བོའི་འཚོ་བ་ཇེ་བཟང་ནས་ཇེ་སྐྱིད་དུ་གྱུར་ཡོད་པ་དང་ཆབས་ཅིག ཁོ་ཚོས་ཀྱང་ཏང་གི་དྲིན་ལན་སྔ་མོ་ནས་ཚོར་ཡོད། །