རླབས་ཆེ་བའི་ཁྱེད།
ཨཱ་འཕགས་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25
འདྲ་མིན་མི་རིགས་ང་དྲུག་གི །
འཆམ་མཐུན་གླུ་ཡིས་རྣ་བ་སྐྱིད། །
མི་རྣམས་དགའ་བའི་དཔལ་གྱིས་བཟི། །
ཞི་བདེའི་རང་རྒྱལ་ངོ་མཚར་ཆེ། །
གོང་འོག་མཛའ་གཅུགས་ལས་ཀྱིས་སྦྲེལ། །
འདྲ་མཉམ་མེ་ཏོག་ཐུགས་སུ་འཁྲུངས། །
རྒྱལ་འབངས་སྐྱིད་པའི་བདེ་ལ་རོལ། །
ཨེ་མ་རང་རྒྱལ་ཨེ་མ་རྨད། །
སྲིད་འབྱོར་རིག་པའི་རླུང་བུ་ཡིས། །
རྒྱལ་ཁའི་དར་དམར་དགུང་དུ་སྐྱོད། །
ལོ་བརྒྱ་སོང་བའི་ལོ་ཟླའི་ཁྲོད། །
ཁྱོད་ཀྱི་མཚར་སྡུག་དཀར་ཞིང་གཙང་། །