མིག་སྔར་ཇ་ལྗང་ནི་བདེ་ཐང་གི་འཐུང་ཇ་ཡག་ཤོས་རེད་ཅེས་བརྗོད་ཀྱི་ཡོད་ལ། དེས་མིའི་གཟུགས་པོར་ཕན་པ་གང་འདྲ་ཡོད་མིན་ཚང་མས་མཁྱེན་གསལ་རེད། འོན་ཀྱང་དེ་ཡུན་རིང་པོ་བཏུངས་ཚེ་མིའི་གཟུགས་པོར་གཤམ་གྱི་གནོད་པ་འདི་དག་ཐོན་སྲིད་པས་ཚང་མས་འོས་འཚམ་འཐུང་དགོས་པ་ཤིན་ཏུ་གལ་ཆེ།
ཇ་ལྗང་ཡུན་རིང་འཐུང་བའི་གནོད་པ།
དང་པོ། མིའི་གཟུགས་པོར་མཁོ་བའི་ལྕགས་རྒྱུ་གསབ་མི་ཐུབ།
གཉིས་པ། སེམས་འཚབ་པ་དང་གནོན་ཤུགས་ཆེ་བ། སུན་སྣང་སྐྱེ་བ།
གསུམ་པ། གཉིད་ཡག་པོ་མི་ཁུག་པ།
བཞི་པ། མགོ་ན་བ།