མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་གྲོང་གསེབ་དར་རྒྱས་སུ་བཏང་ཚུལ་བཀོད་པ།
ཉེ་བའི་ལོ་ཤས་རིང་ཐང་སྐོར་གྲོང་རྡལ་གྱིས་མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱས་ཤིང་། གྲོང་གསེབ་ཀྱི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དངོས་པོའི་རྨང་གཞི་རུ་རྒྱུན་འཁྱོངས་བྱས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་འགན་སྲུང་གལ་ཆེན་དུ་བརྩིས་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་བཏང་། དུས་རབས་ཀྱི་ཁྱད་ཆོས་དང་བོད་རིགས་ས་ཁུལ་གྱི་ཁྱད་ཆོས། ཐང་སྐོར་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཞིག་འཚོལ་ཞིབ་བྱས།
ཐུན་མོང་དཔལ་འབྱོར་དང་སྐྱེ་ཁམས་ལྗོངས་སྐོར་སྦྲེལ་ནས་མང་ཚོགས་ཕྱུག་སྒྱུར་ལ་གསོན་ཤུགས་བསྣན།
རྒྱལ་ཁབ་ཀྱི་A4རིམ་པའི་རྨ་ཁུག་དང་བོའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་རྩྭ་ས་འཁོར་རྒྱུག་དང་སྐྱེ་ཁམས་མཛེས་ལྗོངས་ཁུལ་སྲུང་སྐྱོང་གི་བྱེད་ཐབས་སྤྱད་དེ། མཛེས་ལྗོངས་ཁུལ་གྱི་ཕན་འབྲས་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་མཉམ་དུ་འཕེལ་བར་འབད། ལྗོངས་སྐོར་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐབས་ལམ་ཞིག་ཏུ་བརྩིས་ཤིང་། གྲོང་སྡེས་གཅིག་གྱུར་གྱིས་དོ་དམ་དང་རིན་ཡོད་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་བཙལ། འགོ་གསེར་གྲོང་སྡེས་ཀྲི་པུའུ་ལྟེ་བར་འཛིན་པ་དང་། མཉམ་ལས་འབྲེལ་ཐག་ཏུ་འཛིན་པ། འབྲོག་ཁྱིམ་རྨང་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ནང་ཁུལ་གྱི་རོགས་སྐྱོར་དང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་160བསྡུ་སྒྲིལ་བྱས་ནས། གྲོང་གསེབ་ཀྱི་ལྗོངས་སྐོར་མཉམ་ལས་ཁང་བཙུགས་པ་དང་། གྲོང་གསེབ་ཀྱི་ཏང་ཡོན་13མཐུན་ཚོགས་ཀྱི་ཚན་ཁག་ནང་འདེམས་སྒྲིག་བྱས་ལ། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་112ཡང་དེའི་ནང་དུ་ཞུགས། ཏང་ཡོན་གྱིས་སྣེ་ཁྲིད་དང་དབུལ་བོ་དེའི་ནང་དུ་ཞུགས་པའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་བཟང་བོ་ཆགས་པར་འབད།
ཐུན་མོང་དཔལ་འབྱོར་དང་དེང་རབས་ཕྱུགས་ལས་སྦྲེལ་ནས་ནུས་མཐོ་ཐོན་འཕར་ཡོང་བར་ནུས་ཤུགས་ཕུད།
སྲིད་འཛིན་གྲོང་སྡེ་6གིས་ཐུན་མོང་ཐོག་ནོར་གནག་150ཉོས་ནས། ཐང་སྐོར་གྱི་དེང་རབས་ཕྱུགས་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་བསྐྲུན་ནས་རྩྭ་སོན་དང་རྩྭའི་ཐོན་རྫས་ལས་སྣོན་བྱས་པ་དང་། ནོར་ལུག་བཤའ་ར་དང་དེའི་ཤ་ལས་སྣོན་བྱེད་ས་བསྐྲུན། སོག་ཚང་གྲོང་སྡེས་ཐུན་མིན་གྱི་རང་བྱུང་ལེགས་ཆར་བརྟེན། ཚད་ལྡན་ཅན་གྱི་གསོ་སྤེལ་ཁྲོད་མཉམ་ལས་ཁང་གི་རྩ་འཛུགས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ཤིང་། མ་དངུལ་སྒོར་ཁྲི་170བཏང་ནས་དེང་རབས་ཕྱུགས་ལས་འོ་མའི་རྟེན་གཞི་བསྐྲུན་ནས་འབྲོག་པ་མང་ཚོགས་ལ་ལག་རྩལ་དང་ཆ་འཕྲིན། འཁོར་རྒྱུག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། འབྲོག་ལས་ཚན་རྩལ་གཞན་སྒྱུར་བྱེད་ཚད་ཇེ་མཐོར་བཏང་ནས་འབྲོག་ལས་ཐོན་ལས་སྐྱོན་བྲལ་དང་རྒྱུད་མཐུད་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས།
ཐུན་མོང་དཔལ་འབྱོར་དང་བོགས་གཏོང་དཔལ་འབྱོར་སྦྲེལ་ནས་རྒྱུ་ནོར་འདོན་སྤེལ་བྱ་བར་ནུས་པ་བཏོན།
ཐུན་མོང་གི་རྒྱུ་ནོར་ནི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དངོས་པོའི་རྨང་གཞིར་བཟུང་སྟེ། རྩྭ་སའི་ཐོན་ཁུངས་དང་རྩྭ་ཐང་གི་ཐོན་ཁུངས། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས། ནོར་སྲིད་ཀྱིས་གྲོང་སྡེ་ལ་བཏང་བའི་མ་དངུལ་སོགས་བསྡུ་སྒྲིལ་བྱས་ནས། གྲོང་སྡེའི་ཐུན་མོང་དཔལ་འབྱོར་དེ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་རྒྱུ་ནོར་བོགས་གཏོང་བྱས་པ་དང་། དེང་རབས་མ་རྩ་ཁྲོམ་རའི་མ་ལག་དང་འབྲེལ་མཐུད་གང་ལེགས་བྱས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཇེ་སྟོབས་སུ་བཏང་། དེ་ལས་ཐོབ་པའི་ཡོང་འབབ་ཀྱིས་སྡེ་མི་ཡོངས་ལ་ཁེ་ཕན་བཟོས་པར་མ་ཟད། ཡོང་འབབ་ཁ་ཤས་དེ་གྲོང་སྡེ་རིམ་པའི་སྤྱིའི་འགྲོ་གྲོན་དུ་བརྩིས།
ཐུན་མོང་དཔལ་འབྱོར་དང་རིག་གནས་ཐོན་ལས་སྦྲེལ་ནས་རྣམ་པ་གསར་བ་གཏོད་བར་ནུས་ཤུགས་བཏོན།
བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་གསར་སྤེལ་བརྩོན་ལེན་གྱིས་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་འབྲེལ་ནས། རིག་གནས་ཐོན་ལས་དང་ཐུན་མོང་དཔལ་འབྱོར་སྦྲེལ་བའི་རྣམ་པ་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཀྱི་བརྩོན་སེམས་ཇེ་ཆེར་བཏང་སྟེ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་ལ་གསོན་ཤུགས་བསྣན། སྐ་ཆུ་སྡེ་ཁུལ་གྱིས་ཐོན་སྐྱེད་ཀྱི་རྒྱུ་ཆ་དཀོན་པའི་གནས་ཚུལ་འོག་རང་གིས་རང་ལ་བརྟེན་ཞིང་། ཁྱིམ་ཚང་62ཀྱིས་མ་རྐང་སྒོར་ཁྲི་161བཏང་ནས། ཐུན་མོང་དཔལ་འབྱོར་གྱིས་གཙོ་ཁྲིད་བྱས་ཤིང་མང་ཚོགས་རྩ་འཛུགས་བྱས་ནས་ནོར་གཡང་གཅེས་ཕྲུག་འཕེལ་རྒྱས་སུ་བཏང་བ་དང་། ཁུལ་ཡོངས་ཀྱི་ཡུལ་ཚོ་རིམ་པའི་གློག་བརྙན་ཁང་ཐོག་མ་བསྐྲུན་ཡོད་ལ། བོད་ལུགས་གསོ་རིག་གི་སྨན་ལུམས་གསར་སྤེལ་བྱས་ནས་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་ངོ་།།