སྤྱི་ཟླ་10པའི་ཚེས་25ཉིན། 2020ལོའི་རྒྱལ་ཡོངས་ཀྱི་ལུས་རྩེད་ཨང་དང་པོའི་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་གདང་གི་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཧྲའན་ཞི་ཞི་ཨན་དུ་ཚོགས་པ་རེད། དེའི་སྟེང་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་བོད་རིགས་རྩལ་སྦྱོང་ལུས་རྩལ་པ་ཞིག་གིས་རྐྱང་གདང་འགྲན་བསྡུར་ལས་ཨང་དང་པོ་བླངས་འདུག །འདི་ནི་བོད་རིགས་ལུས་རྩལ་པ་ཞིག་གིས་རྒྱལ་ཡོངས་རིམ་པའི་ལུས་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཐེངས་ཐོག་མ་དེ་ཡིན་ཞིང་། ཁོ་ནི་པེ་ཅིང་གྲོང་ཁྱེར་ལུས་སྦྱོང་རུ་ཁག་གི་དཀར་མཛེས་ཀྱི་ཕོ་སར་བྱམས་པ་དཀོན་མཆོག་རེད།
སྤྱི་ཟླ10པའི་ཚེས26ཉིན། བྱམས་པ་དཀོན་མཆོག་འགྲན་བསྡུར་ལ་ཞུགས་པའི་བརྙན་ཐུང་དྲ་རྒྱའི་སྟེང་ནས་གང་སར་ཁྱབ་པས། མི་སེམས་འགུལ་བའི་བརྙན་ཐུང་དེས་བྱམས་པ་དཀོན་མཆོག་དེ་མ་ཐག“དྲ་གྲགས”སུ་གྱུར་སོང་ལ། ཐ་ན་དྲ་གྲོགས་རྣམས་ཀྱིས་བྱམས་པ་དཀོན་མཆོག་ནི་ཆེས་རྫིག་པའི་ཁམས་པའི་ཕོ་རྒོད་དེ་རེད་ཅེས་བསྔགས་བརྗོད་བྱས་སོ། །