ཟླ་9ཚེས་19ཉིན། 2020ལོའི་བོད་ལྗོངས་ཀྱི“ཀྲུང་གོའི་ལོ་ལེགས་དུས་ཆེན”སྐབས་གསུམ་པ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་འགོ་ཚུགས་པ་རེད། མང་ཚོགས་ཀྱིས་ལྟ་འདོད་པ་དང་། འཚོ་བ་དང་བར་ཐག་ཉེ་བ། གཞི་རྒྱ་ཆེ་བའི་ངང་ཞུགས་ཐུབ་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ཞིང་འདེབས་ཤེས་དཔལ་དང་། འབྲོག་ལས་ཤེས་དཔལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བཅས་དར་སྤེལ་བྱས་ནས། བོད་ལྗོངས་ཞིང་འབྲོག་མི་དམངས་ཀྱི་གཟི་བརྗིད་ཆེ་བའི་གསར་གཏོད་སྟོན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། གཟི་བརྗིད་ཀྱི་འདུན་པ་བཅས་ཇེ་མཐོར་བཏང་ནས། ལོ་ལེགས་དུས་ཆེན་དེ་དམངས་སྲོལ་དུ་འགྱུར་བར་མུ་མཐུད་སྐུལ་མ་གཏོང་རྒྱུ་དེ་རེད།
2019ལོར་བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་105ཙམ་ཟིན་པ་དང་། ལོ་5བསྟུད་མར་ཏུན་ཁྲི་100ཡན་བརྟན་པོར་བྱུང་བས། ནས་ཀྱི་ཐོན་ཚད་ཏུན་ཁྲི་80ཙམ་ཟིན་པ་དང་། སྔོ་ཚལ་དང་ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་78དང་ཏུན་ཁྲི་75ཙམ་ཟིན། ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་162དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.38ཡོད་པ་རེད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12951ཟིན་པ་དེ་དུས་མཚུངས་ལས་13.1%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
http://tibet.people.com.cn/15824852.html