སི་ཁྲོན་ཞིང་ཆེན་རྩོམ་སྒྲིག་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་རྩོམ་པ་པོ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་ཤིས་ཚིག་འབུལ་སྐབས་རང་རེའི་ཁུལ་གྱི་རྒྱ་ཆེ་བའི་སྒྱུ་རྩལ་པ་ཚོས་འབོད་སྐུལ་དང་ལེན་བྱས་ཏེ་ཁྱོན་ཡོངས་ལ་བསམ་བློ་བཏང་ནས་གསར་རྩོམ་ཧུར་ཐག་བྱས་ཤིང་། ལོ་རྒྱུས་ལ་དྲན་ཚོར་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་དང་ལྷག་བསམ་ཟོལ་མེད་ཀྱིས་བརྩམས་ཆོས་འབྲི་བཟོ་བྱས་ཏེ་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བར་རིན་ཐང་བྲལ་བའི་ཕྱག་བྲིས་ལྟད་མོ་བ་ཚོའི་མིག་ལམ་དུ་མངོན་བཅུག་ཡོད་ལ། རྒྱ་ཆེ་བའི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བསམ་པའི་འཚོ་བའི་རིག་གནས་ཕུལ་ཡོད་པ་རེད་ཅེས་བཤད་པ་རེད།
ད་ཐེངས་ཀྱི་མཛེས་རྩལ་ཡིག་གཟུགས་འགྲེམ་སྟོན་ནི་བོད་ཀྱི་ཡིག་གཟུགས་དང་རྒྱ་ཡིག་ཡིག་གཟུགས། ཡུལ་ལྗོངས་རི་མོ། དོན་བྲིས་རི་མོ་སོགས་ཡིག་གཟུགས་དང་མཛེས་རྩལ་རི་མོ་འགྲེམ་སྟོན་བྱས་པའི་རྣམ་པའི་ཐོག་ནས་ལོ70རིང་ལ་དཀར་མཛེས་ཁུལ་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་མཚོན་པ་བྱས་ཡོད། དེའི་དམིགས་ཡུལ་ནི་ཀྲུང་ཧྭ་སྒྱུ་རྩལ་གྱི་མཛེས་ཉམས་རྒྱུན་འཛིན་དང་ཆེས་མཛེས་པའི་དཀར་མཛེས་ཁུལ་གྱི་རིག་གནས་ཉམས་འགྱུར་མཚོན་པ་བྱེད་པའི་དུས་མཚུངས་སུ། སྔར་ལྷག་གིས་ཁུལ་ཡོངས་ཀྱིས་གུང་ཁྲན་ཏང་ཡག་པོ་དང་སྤྱི་ཚོགས་རིང་ལུགས་ཡག་པོ། རླབས་ཆེ་བའི་མེས་རྒྱལ་ཡག་པོ། བཅོས་བསྒྱུར་སྒོ་འབྱེད་ཡག་པོ། མི་རིགས་མཐུན་སྒྲིལ་ཆེན་པོ་ཡག་པོ་བཅས་དུས་རབས་ཀྱི་འགྱུར་ཁུག་གཙོ་བོའི་བསྟོད་གླུ་ཕུལ་ནས་ནུས་ཤུགས་ཡོད་རྒུས་རིག་གནས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ། ཡིད་དབང་འཕྲོག་པའི་ཁམས་པ་འཛུགས་སྐྱོང་བྱ་ཆེད་ཡིན་པ་རེད།
འགྲེམ་སྟོན་སྤེལ་ཡུལ་དུ་བོད་ཀྱི་ཡིག་མཁན་སྐལ་བཟང་ཆོས་འཕེལ་གྱིས་ཚང་མར་བརྩམས་ཆོས་ཀྱི་ཡིག་གཟུགས་བྲིས་སྟངས་དང་ནང་དོན། ཡིག་གཟུགས་འབྲི་མཁན་སོགས་ངོ་སྤྲོད་བྱེད་བཞིན་ཏེ། འདི་ནི་གྲྭ་བཙུན་ཞིག་གིས་བྲིས་པའི་བོད་ཀྱི་ཡིག་གཟུགས་རེད། གྲལ་འགྲིག་ལ་ཞིབ་ཚགས་པའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་འདིའི་བརྗོད་དོན་གསལ་པོ་ཡིན་ལ། ཁོས་མེས་རྒྱལ་དང་ཏང་ལ་འཆང་བའི་སྨོན་འདུན་གྱི་སེམས་པ་གསལ་པོ་མཚོན་པ་རེད་ཅེས་ལྟ་སྐོར་འོང་མཁན་ཚོར་དེ་ལྟར་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམ་སྟོན་བྱས་པའི་མཛེས་རྩལ་བརྩམས་ཆོས60དང་། རྒྱ་བོད་ཡིག་གཟུགས་ཀྱི་བརྩམས་ཆོས130ཡོད་པ་རེད། བྱེད་སྒོ་འདི་ནི་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་རིག་གནས་ཁང་དང་དཀར་མཛེས་ཁུལ་ཡིག་གཟུགས་མཁས་ཅན་མཐུན་ཚོགས། དཀར་མཛེས་ཁུལ་མཛེས་རྩལ་མཁས་ཅན་མཐུན་ཚོགས་བཅས་ཀྱིས་གཉེར་འགན་ཁུར་བ་རེད།།