བོད་ལྗོངས་ཀྱི་ཏ་ཀྲའོ་གནས་ཆུ།
ཟླ་9པའི་ཚེས་5ཉིན། པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་གཞུང་ལས་ཁང་དང་པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུས་སོགས་སྡེ་ཚན་ཀྱིས་གཙོ་གཉེར་བྱས་པའི་“2020ལོའི་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བ་སྟེ་པེ་ཅིང་འཛད་སྤྱོད་དབུལ་སྐྱོར་གྲོང་ཁུལ་མཉམ་འགུལ་དང་འཛད་སྤྱོད་དབུལ་སྐྱོར་བཟོ་ཚོགས་ཉིན་མོའི་བྱེད་སྒོའི”འགོ་ཚུགས་མཛད་སྒོ་དེ་པེ་ཅིང་འཛད་སྤྱོད་དབུལ་སྐྱོར་གཉིས་གཏོད་ལྟེ་གནས་སུ་སྤེལ་བ་རེད། བྱེད་སྒོ་དེས་“ཁེ་ལས་ཁྲི་ཕྲག་ཞུགས་པ་དང་མི་གྲངས་དུང་ཕྱུར་འགྲོགས། ཚང་མས་ལག་གདང་སྦྲེལ་ནས་གཅེས་སེམས་འབུལ། འཛད་སྤྱོད་དབུལ་སྐྱོར་བྱ་བ་འདི་རུ་སྤེལ”ཞེས་པ་བརྗོད་དོན་བྱས་པའི་འཛད་སྤྱོད་དབུལ་སྐྱོར་གྱི་ཆེད་དོན་ཚོང་སྒྲོམ་དང་ཆེད་དོན་ཁང་བ། ཆེད་དོན་ཚོང་ཁུལ་བཅས་གཞི་རྟེན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་པེ་ཅིང་གྲོང་ཁྱེར་གྱི་དབུལ་སྐྱོར་རོགས་སྐྱོར་ལ་སྐུལ་འདེད་གཏོང་བའི་ཞིང་ཆེན་8དང་རྫོང་90ཡི་སྤུས་ལེགས་ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་པེ་ཅིང་དུ་ཕྱིར་ཚོང་བྱས་ནས་རྒྱལ་སའི་གྲོང་མིའི་“ཤ་ཚལ་སྒོང་གསུམ”ཕུན་ཚོགས་སུ་གཏོང་རྒྱུ་དེ་ཡིན་ལ། འདིས་སྤྱི་ཚོགས་ཡོངས་ཀྱི་མི་རྣམས་འཛད་སྤྱོད་དབུལ་སྐྱོར་ནང་ལ་ཞུགས་པའི་རྣམ་པ་དེ་བས་བཟང་པོ་ཞིག་བཏོད་དེ་པེ་ཅིང་གྲོང་ཁྱེར་གྱི་དབུལ་སྐྱོར་རོགས་སྐྱོར་ས་ཁུལ་གྱི་དབུལ་སྐྱོར་ཐོན་རྫས་པེ་ཅིང་ཁྲོམ་རར་མཉམ་འདྲེས་བྱ་བར་སྐུལ་འདེད་བཏང་ནས་ས་ཁུལ་དབུལ་པོའི་འབབ་འཕར་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་འདི་དྲ་ཐོག་ནས་དུས་ཐོག་ཏུ་ཐད་གཏོང་བྱས་ཏེ་རྒྱལ་ཡོངས་ཀྱི་འཛད་སྤྱོད་པ་ཡོངས་“ལག་གདང་སྦྲེལ་ནས་གཅེས་སེམས་འབུལ། འཛད་སྤྱོད་དབུལ་སྐྱོར་བྱ་འགུལ་སྤེལ”བའི་ནང་དུ་ཞུགས་སུ་བཅུག་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་ལྷ་ས་དང་ཞིན་ཅང་གི་ཧོ་ཐེན། མཚོ་སྔོན་གྱི་ཡུལ་ཤུལ། ཧོ་པེ། ནང་སོག ཧུའུ་པེ། ཧོ་ནན། པ་ཏུང་སོགས་ཁྱད་ཆོས་ལྡན་པའི་འགྲེམ་ཁང་8བསྐྲུན་པ་དང་རྒྱལ་སའི་ཞིང་ལས་ཐོན་རྫས་ལེགས་པོའི་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་བཅས་ནས་འགྲེམ་ཚོང་བྱས། པེ་ཅིང་གྲོང་ཁྱེར་གྱི་ཁུལ་16དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛད་སྤྱོད་དབུལ་སྐྱོར་ཡན་ལག་ལྟེ་གནས་ཀྱི་གཅིག་སྡུད་འགྲེམ་ཚོང་ལས་སྟེགས་བསྐྲུན་པ་སོགས་ཀྱི་ཐབས་སྤྱད་དེ་གྲོང་ཁུལ་མཉམ་འགུལ་དང་ཕྱོགས་ཡོངས་ནས་པེ་ཅིང་གིས་ཁ་གཏད་རོགས་སྐྱོར་བྱས་པའི་ཞིང་ཆེན་8དང་དབུལ་ཕོངས་རྫོང་90ཡི་སྤུས་ལེགས་ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་འགྲེམ་ཚོང་བྱས་པ་རེད།
ཡུལ་དངོས་སུ་དྲ་ཐོག་ནས་ཐད་གཏོང་བྱེད་པ།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་མགོ་ནས་བཟུང་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགལ་རྐྱེན་མང་བའི་གནས་ཚུལ་ལ་གཞིགས་ནས། པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་གཞུང་དོན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་ནོར་སྲིད་མ་དངུལ་30%གྲབས་གསོག་བྱས་ནས་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱས་པ་དང་། འཛད་སྤྱོད་དབུལ་སྐྱོར་གྱི་“བདུན་སྐྱོད”བྱེད་སྒོ་རྒྱ་ཆེན་སྤེལ་ནས་རྒྱུད་འབྲེལ་སྒོ་རྩིས་ཚོང་ཁང་དང་སྡེབ་ཚོང་ཁྲོམ་ར་རུ་དབུལ་སྐྱོར་ཆེད་དོན་ཁུལ་ཆིག་སྟོང་ལྷག་ཙམ་བཙུགས་ཡོད། རོགས་སྐྱོར་བྱ་ཡུལ་ཁག་ལ་བསྐྱོད་དེ་ལག་སྦྲེལ་མཛད་སྤྱོད་དབུལ་སྐྱོར་བྱས་པ་དང་འབྲེལ་ཉོ་སྒྲུབ་འབོར་ཆེན་བྱ་བའི་གན་རྒྱ་བཞག་ནས་བསྡུ་ཉོ་མཉམ་ཚོང་དང་ཐད་གཏོང་ཟོག་འཁྱེར། འཛད་སྤྱོད་དབུལ་སྐྱོར་ཟླ་བ་སོགས་ཀྱི་བྱེད་སྒོ་སྤེལ། མིག་སྔའི་བར་དུ་པེ་ཅིང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་གྱི་ཕྱིར་ཚོང་སྒོར་དུང་ཕྱུར་150ལས་བརྒལ་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་27གྱི་འབབ་འཕར་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པ་རེད།
པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་“2020ལོའི་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བ་སྟེ་པེ་ཅིང་འཛད་སྤྱོད་དབུལ་སྐྱོར་གྲོང་ཁུལ་མཉམ་འགུལ་བྱེད་སྒོ”འདི་ཉིད་གོ་སྐབས་སུ་བྱས་ནས། འཛད་སྤྱོད་དབུལ་སྐྱོར་ཚད་ཐིག་གསར་པ་དང་ཕན་འབྲས་གསར་པ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། 2020ལོར་པེ་ཅིང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་གྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་200ཟིན་པར་བརྩོན་ལེན་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།