ལྷ་སའི་དཔེ་ཁང་འདི་དག་གི་ནང་དུ་ཁྱེད་ཀྱིས་འཚོལ་བཞིན་པའི་ལྷིང་འཇགས་ཀྱི་དུས་ཚོད་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-09


       མི་ཁ་ཤས་ཀྱིས་དཔེ་ཁང་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཡིན་ཞིང་། དཔེ་ཁང་ནི་གྲོང་ཁྱེར་ཞིག་རེད་ཅེས་ཟེར། ཁོག་ན་ཤེས་རིག་ཡོད་ཚེ་གཟི་མདངས་རྒྱས། །རིག་གནས་ཡོན་ཏན་ལྡན་ན་ས་རྒྱ་ཆོད། ། ཉིན་གཅིག་གི་ལས་ལ་བྲེལ་རྗེས། དཔེ་ཁང་ཞིག་བཙལ་ནས་ངལ་གསོས་ན་ཧ་ཅང་འཚམ་པོ་ཡོད།   ད་ཐེངས་ ཚང་མར་ལྷ་སའི་ས་གནས་རང་གི་ཁྱད་ཆོས་ལྡན་པའི་དཔེ་ཁང་ཁ་ཤས་ཤིག་འོས་སྦྱོར་བྱ།
ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་། 
       ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་ནི་དཔེ་ཁང་ཞིག་རེད་ཟེར་བ་ལས། བར་སྟོང་ཞིག་རེད་ཅེས་བརྗོད་ན་འགྲིག་པ་སྟེ། དེ་རུ་ཞག་སྡོད་བྱེད་ས་དང་། སྤྲོས་ཚོམས། དཔེ་ཀློག དཔེ་དེབ། ལག་བྲིས། མངོན་འཕྲིན་བྱང་བུ། ཡིག་སྒམ། ཁ་ཧྥེ། རོལ་དབྱངས་བཅས་ཚང་མ་འདུས་ཡོད་ལ། ད་རུང་བརྩེ་བ་ཟབ་མོའི་རྣམ་པས་ཁེངས་ནས་ཡོད། ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་གི་མགྲོན་པོ་མང་ཆེ་བ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཡིན་ལ། དཔེ་ཀློག་དང་། བགློ་གླེང་། ཡང་ན་ངལ་གསོ་བྱེད་ཅིང་། ཡུལ་སྐོར་གྱི་དུས་ཚོད་དེ་དེབ་ཁང་ནས་རོལ་བར་བྱེད།  ལྷ་ཡུལ་ནམ་ཟླའི་ཡུལ་སྐོར་དེབ་ཁང་གིས་མི་རྣམས་ལ་ཐུན་མོང་མ་ཡིན་པའི་མྱོང་ཚོར་ཞིག་སྦྱིན་པར་བྱེད་ལ། དེ་ནི་ཕལ་ཆེར་དེའི་ནང་ཡུལ་སྐོར་བ་མང་པོ་ཞིག་གི་གཏམ་རྒྱུད་སྦས་ཡོད་པས་རེད། དཔེ་ཁང་དུ་དཔེ་དེབ་དང་མངོན་འཕྲིན་བྱང་བུ། མཚམས་འཛིན། འབྲི་དེབ་སོགས་ཡོད་ཅིང་། དཔེ་སྒམ་ཚང་མ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་ལ་གནའ་ཉམས་དོད་པོ་ཡོད། ཁོར་ཡུག་ལྷིང་འཇགས་ཡིན་ལ་གཙང་ཞིང་གྲལ་འགྲིག་པ་དང་། དཔེ་དེབ་ཀྱི་ནང་དོན་ལ་ཡུལ་སྐོར་དང་རྩོམ་རིག་སོགས་ཚུད་ཡོད་ལ། བོད་ཀྱི་རིག་གནས་ཐད་ཀྱི་ནང་དོན་ཡང་མང་པོ་ཡོད། 
       ས་གནས། ཁྲེང་ཀོན་ཆུས་བར་སྐོར་ལྷོ་ལམ་ཨང་27པ། ཁྲེང་ཀོན་ཆུས་ཡུལ་སྲོལ་སྲང་ལམ་Y102པ། 
       རིན་གོང་། མི་རེའི་ཆ་སྙོམས་འཛད་སྤྱོད་ནི་སྒོར་38ཡས་མས་ཡིན།

གནས་རྒྱུད་དཔེ་ཁང་། 
       བར་སྐོར་གྱི་སྦྲ་ནག་ཞོལ་སྲང་ལམ་རྙིང་པའི་གནས་རྒྱུད་དཔེ་ཁང་ནི་དཔེ་ཁང་འདིའི་མིང་དང་ཆ་འདྲ་བར་མིག་གིས་ཕར་བལྟས་ཚེ། དཔེ་དེབ་དང་། སྒྱུ་རྩལ་དངོས་པོ། མངོན་འཕྲིན་བྱང་བུ་བཅས་ཀྱིས་ཚོམས་ཆེན་གང་ཡོད་པ་དང་། ཚོམས་ཆེན་གྱི་ཐེམ་བྱང་སྟེང་དུ་པིར་སྨྱུག་གིས་བྲིས་པའི་ཚུགས་རྙིང་རྒྱ་ཡིག་“གནས་རྒྱུད་དཔེ་ཁང(聖承書苑)”ཞེས་བྲིས་ཡོད། མདུན་ཕྱོགས་ཀྱི་སྒྲོག་ཙེ་ཆུང་ཆུང་དེའི་ཐོག་དུས་ཚིགས་དེའི་དཔེ་དེབ་གསར་པ་ངོ་སྤྲོད་བྱས་ཡོད་ལ། ཁྱེད་ཀྱིས་ག་དུས་ཡིན་རུང་དེའི་ནང་གི་དཔེ་དེབ་གང་རུང་ལ་གཟིགས་ཆོག  འདི་གའི་དཔེ་དེབ་མང་ཆེ་བ་ནི་རིག་གནས་དང་ལོ་རྒྱུས། རོལ་དབྱངས། དད་མོས་བཅས་དང་འབྲེལ་བ་ཡོད་ལ། མི་སྣ་མིང་གྲགས་ཅན་གྱི་རྣམ་ཐར་དང་། ཡུལ་སྐོར་ཟིན་ཐོ་ཡང་ཡོད ། ཁྱེད་རང་ལྷོད་ལྷོད་བྱེད་འདོད་པའི་སྐབས་སུ། གནས་རྒྱུད་དཔེ་ཁང་ནས་ལྷ་ས་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་གཟིགས་ཆོག་ལ། ཇ་འཐུང་ནས་ངལ་གསོ་ཡང་བྱས་ཆོག 
       ས་གནས། ཁྲེང་ཀོན་ཆུས་སྦྲ་ནག་ཞོལ་སྲང་ལམ་གཉིས་པའི་ཨང་38པའི་གནས་རྒྱུད་དཔེ་ཁང་གི་ཐོག་བརྩེགས་བཞི་པ་དང་ཐོག་ཁའི་ལྗོངས་གཟིགས་སྟེགས་བུ།(བར་སྐོར་ཚོང་རའི་ཁ་གཏད་ཀྱི་སྲང་ལམ་ནང་གི་སྨི་50ཡི་མཚམས་སུ་ཡོད་ལ། གངས་རིའི་མགྲོན་ཁང་གི་ཁ་གཏད་དུ་ཡོད། ) 
       རིན་གོང་། གལ་ཏེ་ཞག་སྡོད་མ་བྱས་ན། མི་རེའི་ཆ་སྙོམས་འཛད་སྤྱོད་ནི་སྒོར་68ཡས་མས་ཡིན།

གངས་ལྗོངས་དཔེ་ཀློག་ཁང་། 雪域书香
       གངས་ལྗོངས་དཔེ་ཀློག་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་ཡོད་ཅིང་།ཁྱེད་ཀྱིས་བྲེལ་འཚུབ་ཆེ་བའི་བྱ་བ་དང་ཡུལ་སྐོར་ཁྲོད་ནས་སེམས་ལྷོད་ལ་བབས་ཏེ། ཇ་ཡི་དྲི་ཞིམ་དང་འགྲོགས་ནས། མི་སྣ་མིང་གྲགས་ཅན་གྱི་བརྩམས་ཆོས་ལས་མི་ཚེའི་སྐྱིད་སྡུག་སྣ་ཚོགས་ཉམས་སུ་མྱང་ཆོག་པ་དང་།  སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་བརྗིད་ཆགས་ཡིད་འོང་ལ་མྱོང་རོལ་བྱེད་ཐུབ་ལ། སྙན་འཇེབས་ལྡན་པའི་རོལ་དབྱངས་ཁྲོད་ནས་རང་སེམས་ལྷོད་ལ་བབས་ནས་གང་དགར་སྡོད་ཐུབ་པ་སོགས་གནས་འདི་ནས་ཁྱེད་ཀྱིས་ཁེར་རྐྱང་གི་རྣམ་པ་ལོངས་སུ་སྤྱོད་ཐུབ་པ་མ་ཟད། དེའང་ཁྱེད་ཀྱིས་དཔེ་ཆ་ལ་གྲོགས་པོ་སྒྲིག་པའི་ས་ཆ་བཟང་པོ་ཞིག་ཀྱང་རེད། 
       ས་གནས། བར་སྐོར་ཚོང་རའི་ཞིམ་ཟས་སྲང་ལམ་གྱི་ཆབ་མདོ་ཁུལ་གྱི་ཐོག་བརྩེགས་བཞི་པ། 
       རིན་གོང་། མི་རེའི་ཆ་སྙོམས་འཛད་སྤྱོད་ནི་སྒོར་60ཡས་མས་ཡིན།

ཕེང་ཀོན་དེབ་ཤག旁观书社 
       ཕེང་ཀོན་དེབ་ཤག་ནི་གཙུག་ལག་ཁང་ཐང་ཆེན་འགྲམ་གྱི་གངས་ལྗོངས་ཡུལ་སྐོར་ཚོང་རའི་ཐོག་བརྩེགས་གསུམ་པར་ཡོད་པ་དང་། ཁང་པའི་མཛེས་བཟོ་ཚང་མ་མདོག་དཀར་པོ་ཡིན་ལ།  ཤིང་གི་ཚོས་གཞི་གཙོ་བོར་བྱས་ཡོད། དཔེ་ཁང་ནང་དུ་དཔེ་དེབ་ཀྱི་རིགས་ཕུན་སུམ་ཚོགས་པོ་ཡོད་དེ། བོད་ལྗོངས་དང་འབྲེལ་བའི་དཔེ་དེབ་ཡོད་པ་མ་ཟད། ད་དུང་མཚན་ཉིད་རིག་པ་དང་། མི་ཆོས་རིག་པ། སྤྱི་ཚོགས་ཚན་རིག རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་སོགས་ཀྱི་དཔེ་དེབ་ཡོད་ལ། ཞང་ཀང་དང་ཐའེ་ཝན་ཀྱི་དཔེ་དེབ་དང་ཅུང་ལྷིང་འཇགས་ཀྱི་རྣམ་པའི་CDཡང་བཙོང་རྒྱུ་ཡོད། 
       ས་གནས། ཁྲེང་ཀོན་ཆུས་གཙུག་ལག་ཁང་ཐང་ཆེན་འགྲམ་གྱི་བོད་སྨན་ཁང་གི་ལམ་ཨང་4པའི་གངས་ལྗོངས་ཡུལ་སྐོར་ཚོང་རའི་ཐོག་བརྩེགས་གསུམ་པ། 
       རིན་གོང་། བཏུང་བྱ་དང་མངར་ཟས་ཀྱི་བྲོ་བ་མྱང་ན་འཚམས་པོ་འདུག མི་རེའི་ཆ་སྙོམས་འཛད་སྤྱོད་ནི་སྒོར་48ཡས་མས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1