རྒྱལ་སྲུང་གཞུང་ལམ317པའི་ལམ་རྒྱུད་དུ་ཆགས་པའི་བྲག་མགོའི་མཁར་གསུམ་མཚེའུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-02


        མིས་ཁུར་རྟས་འགེལ་བའི་གནའ་བོའི་ཚོང་འདྲེན་གདལ་ལམ་ནས་དུས་རབས་གོང་མའི་ལོ་རབས50བར་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཁྲོན་བོད་གཞུང་ལམ་བསྐྲུན་པ་དང་། དེ་ནས་དུས་རབས་འདིའི་དུས་མགོར་འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་ཅིང་། དཀར་མཛེས་ཁུལ་གྱི་མི་དམངས་རི་ཁུལ་ནས་ཕྱིར་ཐོན་པའི་གོམ་སྟབས་གཏན་ནས་སྤོ་མཚམས་འཇོག་མེད། ཁྱད་པར་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་། གནམ་གྲུ་ཐང་དང་མྱུར་བགྲོད་གཞུང་ལམ་ཕུད་པའི་འདབ་པ་ནས་མུ་ལི་དང་། གསེར་ཐར་ནས་ཉི་སྟོད་བར་གྱི་རྒྱལ་སྲུང་གཞུང་ལམ་གཙོ་བོ་བསྐྲུན་ནས་བེད་སྤྱོད་གཏོང་མགོ་བཙུགས་ཡོད། ཁུལ་ཕྱི་ནང་དུ་འགྲོ་སའི་ཐར་ལམ་སྔར་བས་ཕུན་སུམ་ཚོགས་པ་དང་། ཆེས་རིང་བའི་ཁྲོ་ལའི་ཕུག་ལམ་སོགས་ཀྱི་ལས་གཞི་གལ་ཆེན་དག་ཀྱང་རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གྲུབ་འབྲས་མཚོན་པའི་མཚོན་རྟགས་རང་བཞིན་གྱི་ཨར་ལས་ཞིག་ཏུ་གྱུར་ཡོད་པ་རེད།
        ད་ཆ་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ལ་ཡུལ་ཤོག་ཏུ་བགྲོད་ཐུབ་པའི་སྣུམ་སྙིགས་གཞུང་ལམ་སྤྱི་ལེ2000ལྷག་དང་། གྲོང་སྡེའི་ཨར་འདམ་ལམ་སྤྱི་ལེ་ཁྲི1.7ཙམ་བསྐྲུན་པ་དང་འབྲེང་ཐག་ཟམ་པ45བཟོ་བཅོས་བྱས་ཡོད། གནམ་གྲུ་ཐང་གསུམ་གྱིས་རིམ་བཞིན་མཐོ་སྒང་མཁའ་འགྲུལ་གྱི་འགག་རྩའི་འགྲིམ་འགྲུལ་ལས་འགན་འཁུར་བ་དང་། ཁྲོན་བོད་ལྕགས་ལམ་གྱི་ལས་གཞི་སྤེལ་མགོ་བཙུགས་པ་དང་སྦྲགས། ཁུལ་ཡོངས་སུ་ཁྱོན་ཡོངས་ནས་སྐམ་ས་དང་ནམ་མཁའ་བར་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་པ་རེད།
        རྗེས་མར་ང་ཚོས་མྱུར་བགྲོད་གཞུང་ལམ་དཀར་མཛེས་ཁུལ་གྱི་གཞུང་སར་བསྐྲུན་ཞིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དྲ་བ་བསྐྲུན་པ་དང་། ཞིང་སྡེའི་ཡུལ་སྐོར་ལམ་བུ་འཐུས་སྒོ་ཚང་དུ་བཏང་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་རང་ཁུལ་དེ་སི་ཁྲོན་ནུབ་བྱང་གི་ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་འདུ་འགག་ཏུ་དངོས་སུ་བསྐྲུན་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་རྩ་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ཝང་ཆང་གིས་དེ་ལྟར་བཤད་པ་རེད།

  འཆར་འགོད་ཀྱིས་སྣེ་ཁྲིད་དང་སྤུས་ཚད་མཐོན་པོའི་ངང་འགྲིམ་འགྲུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
        ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་འགྲིམ་འགྲུལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བ་དང་སྦྲགས། འགྲིམ་འགྲུལ་གྱི་འཆར་འགོད་ལས་ཀ་ལག་བསྟར་བྱ་རྒྱུ་ཡང་དེ་བས་གལ་ཆེ་བ་རེད། འགྲིམ་འགྲུལ་དྲ་བ་འཐུས་ཚང་དང་ཤར་གཏོང་ཐུབ་ཚད་ཇེ་དྲག་ཏུ་ཕྱིན་ཐུབ་པ་ནི་གྲོང་ཁྱེར་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྫོང་དང་ཡུལ་ཤོག་གི་འགྲིམ་འགྲུལ་དྲ་བ་གཅིག་གྱུར་འཕེལ་རྒྱས་གཏོང་བ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་གལ་ཆེན་ཡིན་པ་རེད།
        2013ལོར་རྒྱལ་ཁབ་ཀྱིས་རེས་གསར་པའི་རྒྱལ་སྲུང་གཞུང་ལམ་གྱི་དྲྭ་རྒྱ་ལེགས་སྒྲིག་བྱས་ནས། རང་ཁུལ་གྱི་སྤྱི་ལེ998ཅན་གྱི་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག2ནས་སྤྱི་ལེ3700ཅན་གྱི་ལམ་ཐིག9བར་གསར་དུ་འཕར་ནས་ཞིང་ཆེན་ཡོངས་སུ་གསར་སྣོན་བྱས་པའི་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐག་བཞི་ཆ་གཅིག་ལ་ཟིན་ཡོད་པས། གཞུང་ཕྱོགས་གསུམ་དང་འཕྲེད་ཕྱོགས་བཞི། འབྲེལ་མཐུད་གཉིས་བཅས་ཀྱི་རྒྱལ་སྲུང་གཞུང་ལམ་གཙོ་བོའི་དྲྭ་རྒྱར་གྲུབ་ནས། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཚང་མར་རྒྱལ་སྲུང་གཞུང་ལམ་ཡོད་པ་རེད། 2014ལོར་ཁུལ་ཡོངས་སུ་སྤྱི་ལེ1750ཅན་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག5ནས་སྤྱི་ལེ2780ཅན་གྱི་གཞུང་ལམ་གྱི་ལམ་ཐིག17བར་གསར་འཕར་བྱུང་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ1000ལྷག་གསར་སྣོན་བྱུང་ནས། གཞུང་ཕྱོགས་བཞི་དང་འཕྲེད་ཕྱོགས་བཞི་ཕྱོགས་མང་འབྲེལ་མཐུད་བཅས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དྲྭ་རྒྱ་གཙོ་བོར་གྲུབ་ཡོད། 2019ལོའི་ལོ་མཇུག་གི་བར་དུ་ཁུལ་ཡོངས་སུ(མྱུར་བགྲོད་གཞུང་ལམ་སྤྱི་ལེ46ཐེ་བ)གཞུང་ལམ་སྤྱི་ལེ34310 ཤར་གཏོང་ཐུབ་ཡོད། སྤྱིའི་ལམ་ཐག་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)སོ་སོའི་ཨང་དང་པོའི་གྲས་ཡིན་པ་རེད།
        ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འཆར་འགོད་ཚན་ཁག་གི་ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་དོན། རང་ཁུལ་གྱིས་འབྱུང་འགྱུར་དུ་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བསྡོམས་པས23གསར་སྣོན་བྱ་རྒྱུ་དང་། སྔོན་དཔག་བྱས་ན2030ལོར་རྫོང་སོ་སོར་མ་མཐའ་ཡང་རིམ་པ་ཆེས་མཐོ་ཤོས་ཀྱི་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་རེ་ཡོད་རྒྱུ་རེད། 2035ལོར་རྫོང་ཡོངས་རྫོགས་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།
        གཞུང་ལམ་གྱི་དྲྭ་རྒྱ་དམ་ཚགས་དང་རིམ་པ་མཐོར་འདེགས་གཏོང་ཆེད། ད་ལོར་སྤྱི་ཚོགས་ཡོངས་ཀྱི་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར115ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་རྒྱུ་དང་། G4218ལམ་ཐིག་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི7གྱི་གཞུང་ལམ་སྤྱི་ལེ426གསར་དུ་བསྐྲུན་རྒྱུ། ལོ་ལྔའི་འཆར་གཞི་བཅུ་བཞི་པར་གཞུང་ལམ་ཤར་གཏོང་ཐུབ་ཚད་བསྡོམས་པས་སྤྱི་ལེ་ཁྲི3.8ལ་ཟིན་པར་བརྩོན་ལེན་བྱ་རྒྱུ། དར་མདོ་ནས་ས་མཚམས་བརྒལ་བའི་མྱུར་ལམ་དང་། ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་ལམ། དར་མདོ(གཉའ་ལུང་འགོ)ནས་ར་རྔ་ཁ་བར་གྱི་མྱུར་ལམ་བསྐྲུན་ནས། རྒྱུན་མཐུད་ངང་མྱུར་བགྲོད་གཞུང་ལམ་དེ་དཀར་མཛེས་ཁུལ་གྱི་ལྟེ་བའི་ས་རྒྱུད་དུ་རྒྱུན་སྲིང་ཐུབ་པར་སྐུལ་འདེད་གཏང་རྒྱུ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་རིམ་སྤར་ཨར་ལས་ལག་བསྟར་བརྟན་པོ་བྱ་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་རིམ་པ་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད་མཐོར་འདེགས་བྱ་རྒྱུ་རེད། 2025ལོའི་ལོ་མཇུག་ཏུ་སླེབས་དུས་ད་ཡོད་ལམ་དྲྭའི་ལམ་ཐིག་འཆར་འགོད་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་དང་ཞིང་ཆེན་གྱི་སྤྱིར་བཏང་གི་རིམ་པ་གསུམ་དང་དེའི་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད་ཁག་བགོས་ནས་བརྒྱ་ཆ95དང་བརྒྱ་ཆ85ལ་ཟིན་རེ་ཡོད་པ་རེད།

 སྲུང་སྐྱོང་ནུས་ལྡན་བྱས་ཏེ་ཐུན་མོང་ངང་མཐོ་སྒང་གི་གཞུང་ལམ་སྤུས་ལེགས་བསྐྲུན།
        ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་གཙོ་བོ་ཁུལ་དང་རྫོང་རིམ་པ་བགོས་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་དང་ཞིང་སྡེའི་གཞུང་ལམ་དོ་དམ་བྱེད་པའི་དོ་དམ་ལམ་ལུགས་བེད་སྤྱོད་བཏང་བར་མ་ཟད། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ་ལམ་བཅོས་ས་ཚུགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། བདག་སྐྱོང་བྱེད་ཆས་ཆེ་གྲས་ཉོ་སྒྲུབ་དང་བདག་སྐྱོང་གི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱས། རྫོང(གྲོང་ཁྱེར)སོ་སོས་རྒྱུན་ལྡན་ཅན་དུ་གཞུང་ལམ་ཉམས་གསོ་བྱས་པར་ཕུད། འབྲེལ་ཡོད་གསོ་སྦྱོང་ཧུར་ཐག་བྱས་ཏེ་བདག་སྐྱོང་མི་སྣར་སློབ་སྦྱོང་གི་གོ་སྐབས་སྤྲད་ནས་རང་ཁུལ་གྱི་གཞུང་ལམ་བདག་སྐྱོང་ལས་བཟོའི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བ་རེད།
        ད་ཆ་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར) སོ་སོ་དང་ཡུལ་ཤོག(གྲོང་རྡལ)ཚང་མར་ས་ཁོངས་དེའི་གཞུང་ལམ་གྱི་གནས་ཚུལ་འགན་འཁུར་མཁན་ཆེད་བསྐོས་མི་སྣ་ཡོད། ཁོ་ཚོས་གཞུང་ལམ་དང་ཆུ་རྐ་སོགས་གཞི་རྩའི་འཕྲོད་བསྟེན་ལས་ཀ་ཡག་པོ་སྒྲུབ་པར་ཕུད། ད་དུང་གཞུང་ལམ་ལམ་རྒྱུད་ཀྱི་ལྟ་སྐྱོང་ལས་ཀ་སྲུང་སྐྱོང་ཡག་པོ་བྱ་དགོས་པ་རེད། གནས་ཚུལ་བྲེལ་འཚུབ་ཆེ་བ་དང་འཕྲད་སྐབས། དེ་མ་ཐག་གོང་རིམ་ལ་དུས་ཐོག་ཏུ་སྙན་སེང་ཞུས་ཏེ་གཞུང་ལམ་རེ་རེ་བཞིན་ཐོགས་མེད་བདེ་འཇགས་ཐུབ་པར་ཁག་ཐེག་བྱ་དགོས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས2019ལོའི་ལོ་མཇུག་ཏུ་རང་ཁུལ་གྱིས་བསྡོམས་པས་སྔོན་འགོག་རང་བཞིན་དང་། བདག་སྐྱོང་ཨར་ལས་ཀྱི་ལས་གཞི་ཆེ་འབྲིང125སྤེལ་ནས་ལམ་ཐག་སྤྱི་ལེ1014འཛུགས་སྐྲུན་གྲུབ་ནས་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར11.39ལེགས་འགྲུབ་བྱུང་ཡོད། མིག་སྔར་ཁྱོན་བསྡོམས་བདག་སྐྱོང་ས་ཚུགས78ཉམས་གསོ་དང་བསྒྱུར་བཀོད་དང་། བདག་སྐྱོང་ས་ཚུགས69དང་གཞུང་ལམ་ཞབས་ཞུ་ས་ཚུགས(རླངས་འཁོར་འཇོག་ས)26གསར་བསྐྲུན། བདག་སྐྱོང་འཕྲུལ་འཁོར་ཆེ་གྲས169ཉོ་སྒྲུབ་བཅས་བྱས་པ་དང་ཆབས་ཅིག བདག་སྐྱོང་བྱེད་རིང་དུ་བདག་སྐྱོང་ས་ཚུགས་སོ་སོས་དོན་དངོས་དང་འབྲེལ་ཏེ་གཞུང་ལམ་བདག་སྐྱོང་ཡག་པོ་བྱས་ནས་མཐོ་སྒང་གི་གཞུང་ལམ་བེད་སྤྱོད་གཏོང་ཡུན་ཇེ་རིང་བྱས་ཏེ། གཞུང་ལམ་ཡོད་ཚད་ཐོགས་ཐུག་མེད་པར་ཁག་ཐེག་བྱས་པ་རེད།

 བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་མི་དམངས་ཀྱི་བློར་བབ་པའི་འགྲིམ་འགྲུལ་ཨར་ལས་བསྐྲུན།
        རང་ཁུལ་གྱི་གནམ་གྲུ་ཐང་གསུམ་གྱིས་རྒྱལ་སྲུང་གཞུང་ལམ317པ་དང318པ། 350པ་བཅས་ཀྱི་ལམ་ཐིག་བར་ཕན་ཚུན་རམ་འདེགས་བྱས་ཐོག་རང་ཁུལ་གྱི་གནམ་སའི་བར་གྱི་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་དྲ་བར་འཛུགས་སྐྱོང་བྱས་པ་འདིས་ལམ་ཐག་ཇེ་ཐུང་དུ་གཏོང་ཐུབ་ལ་ཡུལ་སྐོར་བྱེད་ལམ་ཡང་བཟང་འགྱུར་བྱུང་ཡོད་པར་མ་ཟད། ད་དུང་རང་ཁུལ་དང་ཕྱི་ཕྱོགས་བར་གྱི་འབྲེལ་མཐུད་བྱེད་ཁྱོན་དེ་བས་ཆེ་རུ་ཕྱིན་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་དེ་བས་སྟབས་བདེ་དང་། མི་སྣ་དང་དངོས་ཟོག མ་རྩ། ཆ་འཕྲིན་བཅས་ཐོགས་འགག་མེད་པ་བྱུང་ཐུབ་པས། ཁུལ་དང་། རྫོང་། ཡུལ་ཤོག གྲོང་སྡེ་བཅས་ཀྱི་འགྲིམ་འགྲུལ་བསྣོལ་འདྲེས་རྒྱུན་སྲིང་བྱུང་ནས་ཁྱོན་ཡོངས་ལ་ཁེབས་པ་རེད།
        རང་ཁུལ་དུ་ཐེངས་མང་འོངས་མྱོང་པའི་ཁྲུང་ཆིང་གི་ཡུལ་སྐོར་བ་ཝང་ཧའོ་ཡིས་དཀར་མཛེས་ཁུལ་ལ་དངོས་གནས་འགྱུར་ལྡོག་ཆེན་པོ་འདུག སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བའི་དུས་ལ་དར་མདོ་དང་ལྕགས་ཟམ་ཁ་ལས་འགྲོ་མི་བསམ་ནས་ཕ་ཡུལ་དུ་ཕྱི་ལོག་པ་ཡིན། ད་ལྟར་མྱུར་བགྲོད་གཞུང་ལམ་དང་གནམ་གྲུ་ཐང་ཚང་མ་ཡོད་པས་སྟབས་བདེའི་འགྲིམ་འགྲུལ་བྱེད་སྟངས་གང་མོས་བདམས་ཏེ་དཀར་མཛེས་ཁུལ་གྱི་དེ་བས་མང་བའི་ས་ཆར་ཕྱིན་ནས་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་འདྲ་མིན་ལ་མྱོང་ཚོར་བྱེད་ཆོག་པ་རེད་ཅེས་བཤད།
        ཤེས་རྟོགས་བྱས་པ་ལྟར་ན། ད་ཆའི་བར་དུ། རང་ཁུལ་དུ་འཁོར་གཏོང་རང་སྐོར་བྱེད་གྲངས་མྱུར་དུ་འཕར་ཞིང་འགྲུལ་སྐྱེལ་རླངས་འཁོར་གཏོང་གྲངས་དང་ཡུལ་སྐོར་ལམ་ཐིག་ཇེ་མང་དུ་ཕྱིན་ནས་འགྲུལ་སྐྱེལ་ཞབས་ཞུའི་ལས་ཀ་ཡང་ཚད་ངེས་ཅན་གྱི་ཐོག་ནས་བརྟོལ་་བརྒལ་གསར་པ་བྱུང་ཡོད། ད་ལོར་རང་ཁུལ་གྱིས་དར་མདོ་ནས་གཡག་རྔ་དང་། ཆང་ལས། ཧྲང་ལིའུ། ཧྲི་མེན། རྟའུ་བཅས་བར་དང་། ལྕགས་ཟམ་ཁ་ནས་གཡག་རྔ་དང་ཧྲི་མེན་སོགས་བར་ལ་གཏན་ཁེལ་སྒྲིག་སྲོལ་གྱི་འགྲུལ་སྐྱེལ་རླངས་འཁོར་གསར་པ་གཏོང་མགོ་བཙུགས་ནས། འགྲུལ་སྐྱེལ་རླངས་འཁོར་སྤུས་ལེགས་ཆུང་གྲས62གཏོང་འཇོག་བྱས་ཡོད་པ་དང་། རླངས་འཁོར་འཁོར་རྒྱུག་སྐྱེལ་འདྲེན་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ་ཁེ་ལས་ཀྱི་ཁེ་འབབ་ཐོབ་ཚུལ་བརྟོལ་བརྒལ་གསར་པ་བྱུང་ནས་མང་ཚོགས་འགྲོ་འོང་བྱེད་བདེ་བར་མ་ཟད། བོད་ལྗོངས་དང་ཀན་སུའུ་སོགས་མཐའ་འབྲེལ་ས་ཁུལ་གྱི་ཞིང་ཆེན་དང་། གྲོང་ཁྱེར(རྫོང)བཅས་དང་གཞུང་ལམ་འགྲིམ་འགྲུལ་དོ་དམ་ཆ་འཕྲིན་ཐུན་མོང་དུ་བེད་སྤྱོད་དང་མཉམ་ལས་གཉིས་ཁེའི་གཞི་གཅིག་ཏུ་གྱུར་པའི་གཞུང་ལམ་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་མཉམ་ལས་སྒྲིག་གཞིའི་གྲོས་མཐུན་བྱུང་ནས། ཞིང་ཆེན་བརྒལ་བའི་འགྲུལ་སྐྱེལ་རླངས་འཁོར་རྒྱུད་ལམ7གསར་དུ་ཤར་གཏོང་ཐུབ་པ་བྱུང་སྟེ་ཁྲུང་ཆིང་དང་། བོད་ལྗོངས། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན(གྲོང་ཁྱེར)བཞི་ལ་ཁེབས་པ་རེད།
        སྤྱི་ཟླ་བདུན་པའི་ཟླ་མཇུག་གི་བར་དུ་ཁུལ་ཡོངས་སུ་རིམ་བསགས་ཀྱིས་འགྲུལ་པ་ཁྲི303.704སྐྱེལ་འདྲེན་དང་། འགྲུལ་སྐྱེལ་འཁོར་སྐྱོད་བྱས་ཚད་ཁྲི66617.805 ཟོང་འགྲུལ་བྱས་ཚད་ཏུན་ཁྲི679.540 དངོས་ཟོག་འཁོར་སྐྱོད་བྱས་ཚད་ཏུན་ཁྲི99230.48བཅས་ལེགས་འགྲུབ་བྱུང་ཡོད། དཔྱིད་གསར་དུས་ཆེན་དང་དུར་མཆོད་ཉིན་མོ། ལྔ་པའི་ཚེས་གཅིག་ཉིན་གྱི་གུང་གསེང་། ལྔ་ལྔའི་དུས་ཆེན་སོགས་གུང་གསེང་དུས་ཆེན་གཙོ་ཆེན་དང་། དུས་ཚིགས་གཙོ་ཆེན། དངོས་ཟོག་གཙོ་ཆེན་སྐྱེལ་འདྲེན་བྱེད་པའི་འགན་སྲུང་ལས་འགན་ཡོད་ཚད་ལེགས་འགྲུབ་བྱུང་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1