ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་མངའ་རིས་ས་ཁུལ་དུ་གནའ་བོའི་ཞབས་བྲོ་ཞིག་སྟེ་ཤོན་དར་ཁྱབ་ཆེ། གུ་གེའི་ཤོན་ལ་ལྷ་མོ་དང་། ཞབས་བྲོ། གཞས་མ་གཏམ་སོགས་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་གཙོ་བོ་མཉམ་འདྲེས་བྱས་ཡོད་ཅིང་། བོད་མི་རིགས་ཀྱི་ཆོས་ལུགས་དང་། ཡུལ་སྲོལ། གོམས་གཤིས། དུས་སྟོན་སོགས་ཀྱི་ནང་དོན་ཚུད་ཡོད།
2008ལོར་གུ་གེའི་ཤོན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བདམས་པ་རེད།
(http://tibet.people.com.cn/15819530.html)