ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་དཔལ་འབྱོར་རིན་ཐང་ལ་སྒྱུར་རོགས་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-02



    ཉེ་ཆར།གསར་འགོད་པས་བརྒྱད་ཟིལ་རྫོང་གློག་རྡུལ་ཚོང་དོན་ཞབས་ཕྱི་ལྟེ་གནས་ནས་ཤེས་རྟོགས་བྱུང་དོན། རྫོང་ཡོངས་ཀྱི་ཁྱད་ཆོས་ཐོན་རྫས་གློག་རྡུལ་ཚོང་དོན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ཡག་ཏུ་བཏང་ནས་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་འདེད་གཏོང་རོགས་བྱ་ཆེད། ལྟེ་གནས་འདིས་རྫོང་ཡོངས་སུ་གློག་རྡུལ་ཚོང་དོན་བྱེད་མཁན་གྱི་ཁེ་ལས་དང་མི་སྒེར། ལས་གཏོད་ཚོགས་པ། རྫོང་གི་མངའ་ཁོངས་ནང་ལས་སྣོན་ཐོན་སྐྱེད་བྱས་པའི་ཁྱད་ཆོས་ཞིང་ཞོར་ཐོན་རྫས། ལག་ཤེས་བཟོ་རྩལ། བཟོ་ལས་ཐོན་རྫས། དམངས་སྲོལ་ཐོན་རྫས། ཡུལ་སྐོར་ཐོན་རྫས་སོགས་བསྡུ་ལེན་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གློག་རྡུལ་ཚོང་དོན་ཁེ་ལས་ནང་བསྡུ་ལེན་བྱ་ཡུལ་ནི་ས་གནས་རང་ཉིད་ཀྱི་གློག་རྡུལ་ཚོང་དོན་ཁེ་ལས་དང་ཡང་ན་གློག་རྡུལ་ཚོང་དོན་ཁེ་ལས་ཀྱི་འབྲེལ་ཡོད་ཞབས་ཕྱི་སྒྲུབ་མཁན་གྱི་ཁེ་ལས་དང་མི་སྒེར། གློག་རྡུལ་ཚོང་དོན་གྱི་ལས་སྟེགས་བཀོལ་སྤྱོད་བྱས་ནས་ས་གནས་རང་ཉིད་ཀྱི་ཐོན་རྫས་ཕྱིར་འཚོང་བྱ་རྒྱུ་གཙོ་བོ་བྱེད་མཁན་གྱི་ཁེ་ལས་དང་མི་སྒེར། རྫོང་ནང་ཁུལ་དུ་གློག་རྡུལ་ཚོང་དོན་གསར་གཏོད་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར་བཅས་འདུས་པ་རེད།
    ཁེ་ལས་ལ་གློག་རྡུལ་ཚོང་དོན་གྱི་ཚོང་གཉེར་བྱེད་སྟངས་ཀྱི་ཤེས་བྱ་མི་འདང་བ་ནི་ཁེ་ལས་ཕལ་ཆེར་ལ་གནས་པའི་གནད་དོན་ཞིག་ཡིན་པ་རེད། བརྒྱད་ཟིལ་རྫོང་གློག་རྡུལ་ཞབས་ཕྱི་ལྟེ་གནས་ཀྱིས་གནས་ཚུལ་འདིར་གཞིགས་ནས་ཁེ་ལས་ལ་གློག་རྡུལ་ཚོང་དོན་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་གྲོས་དྲིས་འདོན་སྤྲོད་བྱས་ཤིང་། དཔེ་ན《གློག་རྡུལ་ཚོང་དོན་བཅའ་ཁྲིམས།》《མཚམས་སྦྱོར་བརྡ་ཁྱབ་བཅའ་ཁྲིམས》《བཟའ་བཅའ་ཉེན་མེད་བཅའ་ཁྲིམས》ལ་སོགས་པའི་གློག་རྡུལ་ཚོང་དོན་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་ལྟ་བུ་རེད།
    དེ་དང་ཆབས་ཅིག བསྡུ་ལེན་བྱས་པའི་ཐོན་རྫས་འགྲེམ་སྟོན་གླིང་ཁུལ་གྱིས་དྲྭ་ཐོག་ནས་ཐོན་རྫས་ཐོན་ཁུལ་དམིགས་སུ་བཀར་ནས་འོས་སྦྱོར་བྱ་རྒྱུ་ཡིན་པ་དང་དྲྭ་ཕྱི་ལ་དམིགས་སུ་བཀར་ནས་ཉོ་སྒྲུག་བྱ་རྒྱུ་ཡིན་པར་བརྟེན། བརྒྱད་ཟིལ་རྫོང་གི་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་སྤེལ་བཏང་ནས་བརྒྱད་ཟིལ་རྫོང་གི་ཁྱད་ཆོས་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་བྱེད་རྒྱ་ཆེ་རུ་གཏོང་བར་བརྟེན། བརྒྱད་ཟིལ་རྫོང་གི་ཞིང་ཞོར་ཐོན་རྫས་གྱི་དགེ་མཚན་འདི་དཔལ་འབྱོར་དགེ་མཚན་ལ་སྒྱུར་རོགས་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1