ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་གཞི་གྲངས་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་སྤྱི་ཟླ་4པའི་ཚེས་1ཉིན་གྱི་ཆུ་ཚོད་14བར། ཨ་རི་ལ་ཏོག་གསར་གློ་ཚད་ཀྱི་ནད་ངོ་བཟུང་བའི་ནད་པ་ཉུང་མཐར་ཡང་203608ཡོད་པ་དང་། ཚེ་ལས་འདས་ཚད་ཉུང་མཐར་ཡང་4476ལ་སླེབས་པ་རེད།
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4པའི་ཚེས་1ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་པེ་ཏ་ཁོ་ཐ་ཁུལ་གྱི་རེ་ཞུ་ལྟར་ཁུལ་དེས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་ཆེད་“གནོད་འཚེ་ཚབས་ཆེན་གྱི་གནས་ཚུལ་”ནང་ཚུད་པའི་ཆོག་མཆན་སྤྲད་ནས་ཁྱབ་བསྒྲགས་བྱས་པ་རེད། མིག་སྔར་ཨ་རིའི་ཁུལ་30ལ“གནོད་འཚེ་ཚབས་ཆེན་གྱི་གནས་ཚུལ་”ནང་ཚུད་རྒྱུའི་ཆོག་མཆན་སྤྲད་པ་རེད།