སྤྱི་ཚེས་24ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ཐོ་ཁེའོ་ཡི་སྐབས་32པའི་ཨོ་རྩལ་འགྲན་ཚོགས་སྤྱི་ལོ་2020ལོའི་རྗེས་སུ་གཉེར་རྒྱུའི་གཏན་འཁེལ་བྱས་ཡོད། འོན་ཀྱང་སྤྱི་ལོ་2021ལོའི་དབྱར་དུས་ལས་མི་འགྱང་བ་བྱེད་དགོས་ཞེས་བསྟན་ཡོད། ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་སྔར་བཞིན་ལྗར་པན་དུ་འཇོག་རྒྱུ་དང་ཐོ་ཁེའོ་ཡི་སྤྱི་ལོ་2020ལོའི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མིང་ལ་འགྱུར་བ་གཏོང་རྒྱུ་མིན་པ་རེད།
རྒྱལ་སྤྱིའི་ལུས་རྩལ་རྣམ་གྲངས་རྐྱང་པའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་འགའ་ཤས་ཀྱིས་གསལ་བསྒྲགས་སྤེལ་ཏེ། ཨོ་རྩལ་འགྲན་ཚོགས་དུས་འགྱང་བྱ་རྒྱུར་ཁ་གཏད་འོས་འཚམ་གཅོག་རྒྱུ་ཡིན་ཞེས་བསྟན་འདུག