དཀར་མཛེས་ཁུལ་དང་རྔ་བ་ཁུལ་ནང་བསྟན་ལས་རིགས་ཀྱིས་རིམས་འགོག་ཞལ་འདེབས་ཕུལ་།

རྣམ་དཀར་ལྷ་མོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


  

རིམས་ནད་ངན་པ་འདི་གང་སར་མཆེད་པའི་རྗེས་ནས། དཀར་མཛེས་ཁུལ་དང་རྔ་བ་ཁུལ་ཀྱི་ནང་བསྟན་ལས་རིགས་སོ་སོས་ཏང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་འགུལ་ངང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ལམ་སྟོན་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ནས་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། དགོན་སྡེ་ཁག་གི་ཕྱིའི་མཇལ་སྐོར་དང་ནང་གི་བྱེད་སྒོ་ཁག་རྣམས་ཀྱང་གནས་སྐབས་མཚམས་འཇོག་བྱས། གཞན་ཡང་ཡུལ་གཞན་ནས་དགོན་སྡེར་ལོག་མཁན་གྱི་དགེ་འདུན་པ་རྣམས་ལའང་བརྟག་དཔྱད་དང་དོ་དམ་ནན་མོ་བྱས་འདུག རིམས་ནད་འཕེལ་ཁྱབ་དང་རྒྱལ་ཡོངས་སྤུན་ཟླའི་བདེ་སྡུག་ལ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་ནང་བསྟན་ལས་རིགས་ཁག་གིས་ཐུགས་ཁུར་ཟབ་བཞེས་གནང་བར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་དམངས་སེམས་གཅིག་མཐུན་དང་རིམས་ནད་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་ཞིང་། རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཇབ་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཕྱིར་དུ་གཞན་ཕན་སྙིང་རྗེའི་རང་མདངས་ཀྱི་རྒྱུན་བཟུང་ནས་རིམས་ནད་ས་ཁུལ་ལ་དམངས་སྒོར་དང་དངོས་ཟོག་གིས་ཞལ་འདེབས་གང་མང་གནང་བར་མ་ཟད། སྐྱབས་འཇུག་དང་བསྔོ་སྨོན་གྱིས་གདུང་སེམས་མཉམ་བསྐྱེད་བྱས།


 རགས་རྩིས་བྱས་པ་ལྟར་ན། 2020ལོའི་ཟླ་2པའི་ཚེས་10ཉིན་གྱི་བར། རྔ་བ་ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ཁག་གིས་རིམས་འགོག་ས་ཁུལ་དུ་ཁྱོན་དམངས་སྒོར་1876445.40ལྷག་གི་ཞལ་འདེབས་གནང་ཡོད་ལ། དངོས་ཟོག་གི་རིན་དམངས་སྒོར་ལ་ཕབ་ན་753770.00ཙམ་ཟིན། (དངོས་ཟོག་ལ། ཁ་གཏུམ་དང་། བཟའ་བཅའ། གོན་པ། དུག་སེལ་ཆུ། སྨན་པའི་ཡོ་བྱད་སོགས་འདུ)སྤྱི་ཟླ་2པའི་ཚེས་11ཉིན་གྱི་བར་དུ། དཀར་མཛེས་ཁུལ་གྱི་དགོན་པ་50ལྷག་གིས་སྒོར་145.4993ཞལ་འདེབས་ཕུལ་བ་དང་། གྲྭ་བཙུན་3871གིས་ཞལ་འདེབས་སྒོར་ཁྲི་195.4263ཕུལ་བ་དང་། ནང་བསྟན་མཐུན་ཚོགས་ཀྱིས་ཞལ་འདེབས་སྒོར་ཁྲི་6.136ཕུལ་ཞིང་། ཁུལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཞལ་འདེབས་བསྡོམས་འབོར་སྒོར་ཁྲི་347.0616ཕུལ་བ་རེད། ཁུལ་གཉིས་ཀྱི་ནང་བསྟན་ལས་རིགས་ཁག་གིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ་དང་། བློ་བརྟན་འགྱུར་མེད། སྐྱིད་སྡུག་མཉམ་གཤིབ། རྡོག་རྩ་གཅིག་སྒྲིལ་བཅས་ཀྱིས་རིམས་ནད་འགོག་རྒོལ་དམག་འཐབ་འདི་ལས་ཡོངས་སུ་རྣམ་པར་རྒྱལ་པར་ཡིད་ཆེས་བརྟན་པོ་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1