འདི་ནི་ཟླ་2ཚེས་14ཉིན། དངོས་ཟོག་བླུགས་པའི་དུས་གཏན་མེ་འཁོར་ལྷ་ས་མེ་འཁོར་བབས་ཚུགས་ནས་དལ་བུར་ཐོན་བཞིན་པ།
ཚེས་14ཉིན། རང་ལྗོངས་ཀྱིས་ཧུའུ་པེའི་རིམས་ནད་འགོག་རྒོལ་ཐད་ཞལ་འདེབས་བརྒྱབ་པའི་དངོས་ཟོག་འབོར་ཆེན་ཐོག་མ་དེ་སྐྱེལ་འདྲེན་བྱེད་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ཟོག་དེ་དག་ནང་རིན་གོང་སྒོར་ཁྲི་850རི་བའི་ཚགས་ཤ་ཏུན་50དང་རང་བྱུང་གཏེར་ཆུ་ཏུན་1826ཚུད་ཡོད།
རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ཨན་དབྱངས་ཅན་གྱིས་རང་ལྗོངས་ཀྱིས་རང་ངོས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག དངོས་ཟོག་གྲབས་གསོག་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་གྱིས་ཁ་གཏད་བོད་སྐྱོར་གྱི་དྲིན་ལན་འཇལ་བཞིན་ཡོད། ས་མཐོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་པའི་འཚོ་བའི་དངོས་ཟོག་ཏུན་ཉིས་སྟོང་ལྷག་ཙམ་ཡོད་པ་དེ་དག་སྔོན་དཔག་བྱས་ན་ཚེས་19ཉིན་ཧུའུ་པེ་ཧོང་ཧྲེ་དང་ཧྲི་ཡན་གྲོང་ཁྱེར་དུ་འབྱོར་རྒྱུ་རེད་ཅེས་ངོ་སྤྲོད་བྱས།