སྤྱི་ཚེས་10ཉིན་གྱི་ཕྱི་དྲོར། ཤི་ཅིན་ཕིང་གིས་པེ་ཅིན་དུ་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་སྲུང་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་། ཞི་ཅིན་ཕིང་ཐོག་མར་ཁྲའོ་དབྱང་ཆུས་ཨན་ཀྲེན་ཧྲང་ལམ་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་ཡུལ་དངོས་ཀྱི་ནད་ཡམས་མཉམ་འགོག་མཉམ་བཅོས་བྱེད་པ་དང་། སྡོད་དམངས་ཀྱི་འཚོ་བའི་མཁོ་ཆས་ཀྱི་འགན་སྲུང་མཁོ་འདོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། སྡེ་ཁུལ་གྱི་སྡོད་དམངས་དང་ལས་བྱེད་མི་སྣར་ཐུག་འཕྲད་འཚམས་འདྲི་གནང་བ་རེད།